ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་སྨན་དོན་མི་སྣ2600ཝུའུ་ཧན་དུ་མངགས་ནས་གློ་ཚད་རིམས་ནད་འགོག་བཅོས་ལ་རོགས་སྐྱོར་བྱ་རྒྱུའི་ཆོག་མཆན་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། དམག་དཔུང་གི་སྨན་དོན་མི་སྣ2600ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལ་རོགས་སྐྱོར་བྱེད་པར་མངགས་པ་དང་། ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་གི་ལས་རིམ་འཁོར་སྐྱོད་བྱེད་སྟངས་དཔྱད་གཞིར་བཟུང་ནས་ཝུའུ་ཧན་གྲོང་ཁྱེར་ཐའེ་ཁང་ཐུང་ཅི་སྨན་ཁང་དང་ཧུའུ་པུའེ་ཞིང་ཆེན་མ་བུ་བདེ་སྲུང་འཕྲོད་བསྟེན་ཀོང་ཀུའུ་སྨན་ཁང་དུ་ནད་པའི་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་ལས་འགན་འཁུར་བ་རེད།

ཝུའུ་ཧན་གྲོང་ཁྱེར་ཐའེ་ཁང་ཐུང་ཅི་སྨན་ཁང་དུ་མལ་ཁྲི860དང་ཧུའུ་པུའེ་ཞིང་ཆེན་མ་བུ་བདེ་སྲུང་འཕྲོད་བསྟེན་ཀོང་ཀུའུ་སྨན་ཁང་དུ་མལ་ཁྲི700བཀོད་སྒྲིག་བྱས་པ་རེད། སྨན་ཁང་གཉིས་ཀར་ནད་ཐོག་སྨན་བཅོས་ཀྱི་ནད་ཁུལ་བཙུགས་ནས་རིམས་ནད་ཚོད་འཛིན་དང་། བརྟག་དཔྱད། དམིགས་བསལ་སྨན་བཅོས། འགྱེད་འཕྲོའི་བརྟག་དཔྱད། སྨན་ཆས། དུག་སེལ་མཁོ་འདོན། ཆ་འཕྲིན། གསོ་རིག་ལས་གྲྭ་སོགས་ཀྱི་གཞོགས་འདེགས་ཚན་ཁག་བཙུགས།
   ཐེངས་འདིའི་སྨན་བཅོས་ཚོགས་ཁག་ལ་སྐམ་སའི་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་འདེགས་དཔུང་སྡེ། མཉམ་འབྲེལ་མཁོ་སྒྲུབ་འགན་ལེན་དཔུང་ཁག དྲག་ཆས་ཉེན་རྟོག་དཔུང་ཁག་སྨན་བཅོས་དམག་ཁུལ་བཅས་ཀྱི་སྨན་པ་ཡོད་པ་རེད། སྨན་ཁང་གི་ཤོང་ཚད་དང་འཛུགས་སྐྲུན་འཕེལ་རིམ་ལ་གཞིགས་ན། དམག་དཔུང་གི་སྨན་དོན་མི་སྣས་ཁག་བགོས་ཏེ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། ཁག་དང་པོའི་སྨན་པ1400ལྷག་ཟླ2པོའི་ཚེས13ཉིན་ཝུའུ་ཧན་དུ་འབྱོར་བ་དང་འབྲེལ་འཕྲལ་དུ་འབྲེལ་ཡོད་སྨན་བཅོས་སྲོག་སྐྱོབ་ལས་དོན་སྒྲུབ་རྒྱུའི་འཆར་གཞི་ཡོད་པ་རེད།

མིག་སྔའི་བར་དུ་དམག་དཔུང་གིས་ཁྱོན་བསྡོམས་པས་སྨན་དོན་མི་སྣ4000ལྷག་ཙམ་ཝུའུ་ཧན་དུ་མངགས་ནས་གློ་ཚད་རིམས་ནད་སྔོན་འགོག་དང་སྨན་བཅོས་བྱེད་པར་རོགས་སྐྱོར་བྱས་ཡོད་པ་རེད། །



རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།