ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཧུའུ་པེ་ཧོང་ཀང་དུ་སོང་སྟེ་རིམས་ནད་འགོག་བཅོས་བྱེད་ཐབས་ལ་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཧན་ལས་གཞན་ཧུའུ་པེ་ཞིང་ཆེན་གྱི་ཧོང་ཀང་གྲོང་ཁྱེར་ཡང་ཛ་དྲག་ཆེ་བའི་རིམས་ནད་འགོག་བཅོས་ཀྱི་གནས་བབ་དང་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཧུའུ་པེ་ཧོང་ཀང་དུ་སོང་སྟེ་བསྡུ་དགོས་པ་ཅིས་ཀྱང་བསྡུ་དགོས་པའི་འགོག་བཅོས་བྱེད་ཐབས་དངོས་འབེབས་བྱེད་པར་མཛུབ་སྟོན་བྱས།

ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཁྲིད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཧོང་ཀང་གྲོང་ཁྱེར་རིམས་ནད་འགོག་བཅོས་ལྟེ་གནས་སུ་སོང་སྟེ་འཐབ་ཕྱོགས་དང་པོ་ན་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་དང་རིམས་ནད་འགོག་བཅོས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སུན་ཁྲུན་ལན་གྱིས་བཤད་རྒྱུར། ཧོང་ཀང་དང་ཝུའུ་ཧན་ནི་ཁྱིམ་མཚེས་གྲོང་ཁྱེར་ཡིན་པས། ལོ་སར་གྱི་སྔོན་ལ་ཝུའུ་ཧན་ནས་ཕྱིར་ཕ་ཡུལ་དུ་ལོག་མཁན་མང་དྲགས་པ་དེས་རིམས་ནད་འགོག་བཅོས་བྱ་བར་གནོན་ཤུགས་ཆེན་པོ་བཟོས། ཧོང་ཀང་སྨན་བཅོས་མྱུར་སྐྱོབ་ཆ་རྐྱེན་ཝུའུ་ཧན་ལས་ཅུང་ཞན་པས། ཅིས་ཀྱང་སྔོན་འགོག་ཇུས་གཞི་བཟང་བོ་འགོད་པ་དང་། ཁུལ་ཁོངས་མཉམ་འགོག་མཉམ་འཛིན་དངོས་འབེབས་བྱེད་དགོས་ལ། སྟོབས་ཤུགས་གཅིག་བསྡུས་སྒོས་མགོ་ཁོངས་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱེད་པ་དང་། བསྡུ་དགོས་པ་ཅིས་ཀྱང་བསྡུ་ལེན་བྱས་ནས་རྦད་ཆོད་སྒོས་ནད་དུག་འགོ་བའི་ཐབས་ལམ་གཏན་འགོག་བྱེད་དགོས་ཟེར།

མཛུབ་སྟོན་ཚན་ཁག་ཧོང་ཀང་གྲོང་ཁྱེར་ཧོང་ཀྲིག་ཆུས་ལུའུ་ཁུག་གྲོང་རྡལ་གྱི་ཞེ་ཅ་ཞོ་ཝན་སྡེ་བར་སོང་སྟེ་སྡེ་བའི་རིམས་ནད་འགོག་བཅོས་བྱེད་ཐབས་ལ་རྒྱུས་ལོན་བྱས། མོས་བསྟན་དོན། འགག་སྒོ་གཏན་སྲུང་བྱེད་པ་དང་རིམས་ནད་འགོག་བཅོས་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་ལ། ལས་འགན་དང་འགན་འཁྲི་མི་རེ་རེར་བགོས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་གཏན་འགོག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།