ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས8ཉིན་ཏོག་གསར་གློ་ཚད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ2656ཡོད་པ་དང་བསྡོམས་པས་ནད་པ2649ཡི་ནད་དྲག་ཐུབ་པ་བྱུང་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞུང་ཕྱོགས་དྲ་ཚིགས་ཀྱི་འཕྲིན་ལྟར་ན། ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད0—24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་མི་ཚོགས་པའི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ2656གིས་མང་དུ་ཕྱིན་ཡོད། (ཧུའུ་པའེ་རུ2147ཡོད།) ནད་རྟགས་ཐག་བཅད་པའི་ནད་པ87གྱིས་མང་དུ་ཕྱིན་ཡོད། (ཧུའུ་པའེ་རུ52ཡོད།ཚེ་འདས་ནད་པ89ཡིས་མང་དུ་ཕྱིན་ཡོད། (ཧུའུ་པའེ་རུ81དང་ཧུ་ནན་རུ2ཡོད། ཧུ་པའེ། ཧེ་ལུང་ཅང་། ཨན་ཧོས། ཧྲན་ཏུང་། ཧུའུ་ནན། ཀོང་ཤིས་བཅས་སོ་སོར1རེ་ཡོད།) དོགས་ཡོད་ནད་པ3916(ཧུའུ་པའེ་རུ2067)གིས་མང་དུ་ཕྱིན་ཡོད། 

ཉིན་དེར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ600(ཧུའུ་པའེ་རུ་ནད་པ324)ཡོད་པ་དང་། འབྲེལ་འདྲིས་བྱེད་མཁན31124ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག

ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་མི་ཚོགས་པའི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ33738(དེའི་ནང་ནད་པ་ལྕི་མོ6188)ཡོད་པ་དང་། བསྡོམས་པས་ནད་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2649(ཧེ་ལུང་ཅང་ཧུ་ཅན་དུ་ནད་པ1)དང་། ཚེ་འདས་ནད་པ811ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ37198(ཧྲན་ཤིས་དང་། ཧེ་ལུང་ཅང་། ཧུ་ནན། ཧའེ་ནན་བཅས་སུ་ནད་པ1རེ་ཡོད།དོགས་ཡོད་ནད་རྟགས་ཐག་བཅད་པའི་ནད་པ28942ཡོད། བསྡོམས་པས་འབྲེལ་འདྲིས་ཡོད་པའི་མི371905ལ་རྗེས་འདེད་གཏོང་ཐུབ་ཡོད་པ་དང་། འབྲེལ་འདྲིས་ཡོད་པའི་མི188183ལ་སྨན་བཅོས་ལྟ་ཞིབ་བྱས་ཡོད། 

བསྡོམས་པས་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ53ཡོད་པ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ26(ཚེ་འདས་ནད་པ1)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1) ཐའེ་ཝན་ས་ཁུལ་དུ་ནད་པ17(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1)བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།