ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་འགན་འཁྲི་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་དབྱིབས་ནད་དུག་གསརབའི་གློ་ཚད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་འགན་འཁྲི་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་།

བརྡ་ཐོའི་ནང་འགན་འཁྲི་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་ལྔ་བཏོན། གཅིག  ནད་དུག་འགོས་པའི་ནད་པ་སྔ་མོ་ནས་རྩད་གཅོད་པ་དང་ལོགས་སུ་བཀར་ཏེ་རིམས་ནད་མཆེད་པར་གཏན་འགོག་བྱེད་དགོས། གཉིས། ཐབས་བརྒྱ་ཇུས་སྟོང་སྒོས་སྨན་བཅོས་ཞབས་ཕྱིའི་འདོན་སྤྲོད་ལ་འགན་སྲུང་བྱས་ཏེ། ནད་པ་དུས་ཐོག་ཏུ་བསྡུ་ལེན་དང་སྨན་བཅོས་བྱེད་རྒྱུར་འགན་སྲུང་བྱེད་དགོས། གསུམ། ཧུར་ཐག་སྒོས་འཚོལ་ཞིབ་དང་སྤྱི་སྡོམ་བྱས་ཏེ་ནུས་ལྡན་སྨན་བཅོས་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ནད་པར་སྨན་བཅོས་བྱེད་དགོས། བཞི། ཁྱད་སྟོབས་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཧུར་ཐག་སྒོས་ནད་པ་ལྗིད་མོ་དྲག་ཚད་མཐོར་འདེགས་སུ་གཏོང་དགོས། ལྔ། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁྲིམས་ལྟར་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།