ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་བརྗོད་དོན་དྲ་ཐོག་སློབ་ཚན་གྱི་ལས་སྟེགས22ཀྱིས་སློབ་ཡོན་མི་དགོས་པར་མཐོ་སློབ་ཀྱི་སློབ་ཚན་ཁྲི2.4ལྷག་ཙམ་ཁྲིད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ2ཚེས2ཉིན་བར། སློབ་གསོ་པུས་དྲ་ཐོག་སློབ་ཚན་གྱི་ལས་སྟེགས22ལ་སློབ་ཡོན་མི་དགོས་པར་མཐོ་སློབ་ཀྱི་སློབ་ཚན་ཁྲི2.4ལྷག་ཙམ་འཁྲིད་རྒྱུའི་སྒྲིག་འཛུགས་བྱས་པ་དེ་དངོས་ཚན་གྱི་རིག་ཚན12དང་ཆེད་ཚན་དང་མཐོ་སློབ་ལས་རིགས་ཀྱི་ཆེད་ལས་རིགས་ཆེ་གྲས18ལ་ཁྱབ་ཡོད། ཉིན་ཤས་གོང་། སློབ་གསོ་པུས་མཛུབ་ཁྲིད་བསམ་འཆར་བཏོན་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། མཐོ་སློབ་ཀྱིས་བྱེད་པོ་བྱེད་པ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་བྱ་ཐབས་སྤྱད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་མཐོ་སློབ་ཀྱི་དྲ་ཐོག་གི་སློབ་ཁྲིད་མཉམ་དུ་ལག་བསྟར་དང་འགན་ལེན་བྱས་ནས“སློབ་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་འཇོག་མི་བྱེད་པ་དང་། སློབ་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་རྒྱུའི”བླང་བྱ་བཏོན་པ་རེད།

མཛུབ་ཁྲིད་བསམ་འཆར་ནང་། རྒྱལ་ཡོངས་ཀྱི་མཐོ་སློབ་ལ་སློབ་ཡོན་མི་དགོས་པར་སྤུས་ལེགས་ཀྱི་དྲ་ཐོག་སློབ་ཚན་དང་རྟོག་བཟོ་དང་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ཐོན་ཁུངས་ཚང་མ་མཉམ་སྤྱོད་བྱ་རྒྱུ་དང་། མཐོ་སློབ་ཀྱིས་སྟོན་དཔྱིད་གཉིས་ཀྱི་སློབ་དུས་ཀྱི་སློབ་འཁྲིད་འཆར་གཞི་ལེགས་སྒྲིག་ལུགས་མཐུན་དང་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་འབྲེལ། མིག་སྔར་དགུན་ཁའི་གུང་གསེང་གི་སྤྱི་ཚོགས་ཀྱི་ལག་ལེན་ཚང་མ་གནས་སྐབས་མཚམས་འཇོག་དགོས་པ་སོགས་བསྟན་ཡོད་པ་རེད།

མཛུབ་ཁྲིད་བསམ་འཆར་ནང་། མཐོ་སློབ་ཀྱིས་དྲ་ཐོག་སློབ་ཁྲིད་དགེ་རྒན་དང་དེ་བཞིན་སློབ་ཁྲིད་ཀྱི་ལས་འགན་འཁུར་མཁན་དགེ་རྒན་ཚང་མའི་དྲ་ཐོག་སློབ་ཁྲིད་དེ་སློབ་ཁྲིད་ཀྱི་ལས་འབོར་ལ་བརྩི་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་སློབ་མས་དྲ་ཐོག་གི་སྤུས་ལེགས་སློབ་ཚན་གདམ་ག་ཧུར་ཐག་བྱེད་པར་སྣེ་ཁྲིད་བྱས་ཏེ། སློབ་མའི་རང་འགུལ་སློབ་སྦྱོང་གི་དུས་ཚོད་མང་དུ་གཏོང་བ་དང་། དྲ་ཐོག་སློབ་སྦྱོང་རིང་དང་སྣ་མང་དཔྱད་ཞིབ་གདེང་འཇོག་གི་སྤུས་ཚད་ཀྱི་བླང་བྱ་མཐོ་རུ་གཏོང་དགོས། དྲ་ཐོག་སློབ་ཚན་སློབ་སྦྱོང་དང་སློབ་དུས་ཀྱི་སློབ་སྦྱོང་སྐར་གྲངས་ཕན་ཚུན་ཁས་ལེན་དང་གཞན་བསྒྱུར་སྲིད་ཇུས་བཟོས་ཏེ་སློབ་མའི་སློབ་སྦྱོང་ལ་རིམས་ནད་ཀྱི་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།