ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ2ཚེས6ཉིན་རྒྱལ་ནང་དུ་ནད་གཞི་གཏན་འཁེལ་བྱས་པའིགློ་ཚད་གསར་པའི་ནད་དཔེ3143ཇེ་མང་དུ་ཕྱིན་པ་དང་རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ1540ཡོད་པར་བསྒྲགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཧྥན་ཞི་དང་ཐེན་ཞའོ་ཧང་།   སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས7ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད0ནས24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུའི་ནང་། གསར་ཏུ་གཏན་འཁེལ་བྱས་པའི་ནད་དཔེ3143(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ2447)ཇེ་མང་དུ་ཕྱིན་པ་དང་། སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ387(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ184)ཇེ་མང་དུ་སོང་།  ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི་སྣ26762ཡོད་པ་རེད། ནད་དཔེ་ཚབས་ཆེན962(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ918)ཇེ་མང་དུ་ཕྱིན་ལ། ནད་ཀྱིས་ཤི་བའི་ནད་པ73(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ69དང་། ཅི་ལིན་ཞིང་ཆེན་དང་ཧི་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཧའེ་ནན་ཞིང་ཆེན་བཅས་སོ་སོར་ནད་དཔེ1རེ)མང་དུ་ཕྱིན་པ་དང་དོགས་ཡོད་ནད་དཔེ4833(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ2622)ཇེ་མང་དུ་ཕྱིན་པ་རེད།

ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ31161ཡོད་པ་སྙན་ཞུ་འབྱོར་ཞིང་། རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ1540ཡོད་པ་རེད། ད་ཆ་གཏན་ཁེལ་བྱས་པའི་ནད་དཔེ28985(དེའི་ཁྲོད་ནད་གཞི་ལྕི་མོ་ཕོག་པའི་ནད་དཔེ4821)ཡོད་ལ། ། རིམ་རྩིས་བྱས་ན་ནད་ཀྱིས་ཤི་བའི་ནད་པ636དང་། ད་ཆ་དོགས་ཡོད་ནད་དཔེ26359ཡོད་པ་རེད། བསྡོམས་པས་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི314028ལ་རྗེས་སྙེག་ཐུབ་པ་བྱུང་བ་དང་། འབྲེལ་འདྲིས་ཟབ་པའི་མི186045ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད།

རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་གཏན་འཁེལ་བྱས་པའི་ནད་དཔེ50འབྱོར་བ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ24(ནད་ཀྱིས་ཤི་བའི་ནད་དཔེ1ཡོད)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ10(སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ1ཡོད)། ཐའེ་ཝན་ས་ཁུལ་ལ་ནད་དཔེ16(སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ1ཡོད)བཅས་ཡོད་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།