ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་ཀྲུང་ལུགས་གསོ་རིག་གམ་ཀྲུང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་ནད་པ་ཐོག་མ་སྨན་ཁང་ལས་ཕྱིར་བུད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཧོའུ་ཝུན་ཁུན།ལི་ཁྲང་ཀྲེང་།   སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གིས་ཐེངས་དང་པོར་ཀྲུང་ལུགས་གསོ་རིག་གམ་ཡང་ན་ཀྲུང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ཚད་ཕོག་མཁན་གྱི་ནད་པ་སྐོར་ཞིག་དྲག་སྐྱེད་བྱུང་ནས་ཚེས་3ཉིན་སྨན་ཁང་ནས་ཕྱིར་བུད་པ་རེད།

  ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་སྨན་ཁང་ནས་བུད་པའི་ནད་པ་ཁྱོན་མི8ཡོད་པའི་ནང་བུད་མེད6དང་སྐྱེས་པ2ཚུད་ཡོད་ལ། ནད་གཞི་ལྕི་མོ་ཕོག་པའི་ནད་པ6དང་ནད་གཞི་ཡངས་བའི་ནད་པ2ཡོད་པ་རེད། དེའི་ནང་ལོ་ན་ཆེས་ཆེ་ཤོས་དགུང་ལོ68དང་ལོ་ན་ཆེས་ཆུང་ཤོས་ལོ26ཡིན་པ་རེད། ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས་ཀྱིས་སྨན་བཅོས་བྱས་རྗེས་ནད་པའི་དབུགས་གཏོང་ལེན་དཀའ་བ་དང་། ཐང་ཆད་པ། ཁ་སྐམ་པ། བྲང་ཁ་འགག་པ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་མ་ཟད། ལུས་ཁམས་ཇེ་བདེ་རུ་ཕྱིན་པ་རེད།

 ཟླ1ཚེས28ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པར་ཁ་གཏད་གཅོག་པའི་གློ་ཚད་མཉམ་འགོག་མཉམ་སྡོམ་ལས་དོན་གྱི་ཆེད་ལས་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ངམ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཧོང་ལུའུ་ཆི་ཡིས་པེ་ཅིང་ཤིས་ཡོན་སྨན་ཁང་དང་ཀོང་ཨན་མོན་སྨན་ཁང་གི་སྨན་བཅོས་ཚོགས་པ་ཁྲིད་དེ་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་ལ་རོགས་སྐྱོར་བྱས་ཏེ་དེར་ཡོད་ཀྱི་ནད་པ་ལ་ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་དང་དབྱེ་འབྱེད་སྨན་བཅོས་བྱས་པ་རེད།

 སྨན་ཁང་ནས་ཕྱིར་འབུད་སྐབས་ཅིན་དབྱིན་ཐན་སྨན་ཁང་གིས་ནད་པ་རེར་གཟའ་འཁོར་གཉིས་ཀྱི་ཀྲུང་ལུགས་སྨན་རྫས་སྤྲད་པ་མ་ཟད། ཁོང་ཚོར་ལུས་སྦྱོང་དང་ལུགས་མཐུན་ངང་བཟའ་བཏུང་སྤྱད་ནས་གང་མགྱོགས་སྒོས་གཟུགས་པོ་སླར་གསོ་བྱེད་དགོས་པའི་མངགས་བཅོལ་བྱས་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།