ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམག་དཔུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་རྗེས། རང་རེའི་དམག་དཔུང་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། མཉམ་འགོག་མཉམ་འཛིན་བྱ་བའི་རྐྱེན་སྲོལ་གྱིས་མྱུར་དུ་ལས་འགོ་བརྩམས་པ་དང་། ནུས་ལྡན་དམག་མི་རྩ་འཛུགས་བྱས་ནས་མྱུར་དུ་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་འགྲོ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རིམས་ནད་འགོག་བཅོས་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བས། དམག་དཔུང་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་འདོམས་འོག མི་དམངས་དམག་དཔུང་གི་དམིགས་འབེན་ཡིད་ལ་དམ་པོར་བཅངས་ཤིང་། བཀའ་བརྡ་དུས་ལྟར་དང་ལེན་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་། ཧུར་ཐག་སྒོས་ས་གནས་ཀྱི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་དགོས། རང་རེའི་དམག་དཔུང་གིས་ཝུའུ་ཧན་ཧའོ་ཧྲིན་ཧྲན་སྨན་ཁང་གི་སྨན་བཅོས་རྒུད་སྐྱོབ་ལས་འགན་དང་ལེན་བྱས་པ་ནི་ཏང་དང་མི་དམངས་ཀྱིས་ཡིད་ཆེན་ཆེན་པོ་བྱས་པ་ཡིན་པས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་དམག་དཔུང་དང་ས་གནས་མཐུན་སྦྱོར་དམ་པོ་བྱེད་པ་དང་། ཚན་རིག་དང་མཐུན་པར་སྨན་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་ཉིད་འགོག་སྲུང་བཟང་བོ་བྱེད་པར་མ་ཟད། འགན་འཁྲི་དང་ལེན་བྱེད་དགོས། རང་རེའི་དམག་དཔུང་གི་འབྲེལ་ཡོད་སྨན་ཁང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ནད་པར་སྨན་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཚན་ཞིབ་ལས་ཁུངས་ཀྱིས་ཚན་ཞིབ་འགོག་རྒོལ་བྱ་བ་དམ་འཛིན་བྱས་ནས། རིམས་ནད་འགོག་བཅོས་ཐད་ནས་རྒྱལ་ཁ་ལེན་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།