ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་གཉིས་ཀྱིས་སོ་སོར2020ལོའི“ཀྲུང་གོའི་དབྱི་ཐ་ལིའི་རིག་གནས་དང་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་གཉིས་ཀྱིས་སོ་སོར2020ལོའི“ཀྲུང་གོའི་དབྱི་ཐ་ལིའི་རིག་གནས་དང་ཡུལ་སྐོར་ལོ”དབྱི་ཐ་ལིའི་རོ་མ་རུ་འགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་ཐ་ལི་ནི་ཤར་ནུབ་ཕྱོགས་ཀྱི་ཤེས་རིག་གི་ཕུལ་བྱུང་མཚོན་བྱེད་ཅིག་ཡིན། ལོ་ངོ་ཉིས་སྟོང་ལྷག་གི་སྔོན་དུ། གནའ་བོའི་དར་གོས་ཚོང་ལམ་གྱིས་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་ཀྲུང་གོ་དང་དབྱི་ཐ་ལིའི་ཤེས་རིག་ཕན་ཚུན་སྦྲེལ་ཏེ་འོད་མདངས་འཕྲོ་བར་བྱས་ུཡོད། ད་ལྟ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ང་ཚོར་ལོ་ངོ་སྟོང་ལྷག་གི་རྒྱུན་མཐུད་ཀྱི་མཛའ་གྲོགས་འགྲོ་འོང་ལ་གསོན་ཤུགས་གསར་པ་སྦྱིན་ཡོད་ཞེས་བསྟན།

 ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་ཐ་ལིའི་རྒྱལ་ཁབ་གཉིས་པོར་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཀྲུང་དབྱིའི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་མི་སྣས་ཐུན་མོང་ཐོག་གནའ་བོའི་ཤེས་རིག་གི་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་རྣམ་པ་བསྐྲུན་ནས་འཛམ་གླིང་གི་ཤེས་རིག་སྣ་མང་རང་བཞིན་དང་རིག་གནས་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་གསུངས་པ་རེད།

མཱ་ཐ་ལེ་ལཱ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། དབྱི་ཀྲུང་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ནི་སྔོན་ཆད་ཀྱི་གནའ་བོའི་དར་གོས་ཚོང་ལམ་ཐོག་གི་མི་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་དབར་སྤེལ་རེས་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་དགའ་པོ་བྱེད་ཀྱིན་ཡོད། དེང་སྐབས་འཛམ་གླིང་ཐོག་ཉིན་རེ་བཞིན་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ང་ཚོས་ཕན་ཚུན་ལ་བརྟེན་རེས་དང་གཉིས་ཕན་མཉམ་ལས་ཀྱི་རིན་ཐང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་མ་འོངས་པའི་འགྲན་སློང་ལ་ཁ་གཏད་གཅོག་དགོས།

 2019ལོའི་ཟླ3པར། ཀྲུའུ་ཞི་ཞི་ཅིན་ཕིང་དབྱི་ཐ་ལིར་འཚམས་འདྲི་གནང་སྐབས། ཙུང་ཐུང་མཱ་ཐ་ལེ་ལཱ་དང་མཉམ་དུ2020ལོའི་ཀྲུང་གོ་དང་དབྱི་ཐ་ལིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བའི་མཚམས་སུ་རིག་གནས་དང་ཡུལ་སྐོར་ལོ་ཕན་ཚུན་སྤེལ་རེས་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་པོས་འཁྲབ་སྟོན་སྒྱུ་རྩལ་དང་། མཐོང་ཚོར་སྒྱུ་རྩལ། གསར་གཏོད་ཇུས་འགོད། རིག་གནས་ཤུལ་བཞག ཡུལ་སྐོར། གློག་བརྙན་བརྙན་འཕྲིན་སོགས་ཁྱབ་ཁོངས་མང་པོར་ཁྱབ་པའི་བརྗེ་རེས་བྱེད་སྒོ་སྤེལ་རྒྱུ་རེད། །  (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།