ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་གསར་སྐྲུན་དང་གསོ་སྐྱོང་བྱས་པའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཡུན་རིང་བརྟན་འཇགས་དང་མ་འོངས་ཁ་ཕྱོགས། ཁྱིམ་མཚེས་མཛའ་མཐུན། ཁྱོན་ཡོངས་མཉམ་ལས་ཀྱི་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་ཀྱི་སྙིང་སྟོབས་ཀྱི་མཛུབ་ཁྲིད་འོག་འཕེལ་རྒྱས་ཆེན་པོ་བྱུང་། བདག་དང་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཕན་ཚུན་ལ་འཚམས་འདྲི་བྱས་ཏེ། གནས་བབ་གསར་བའི་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བར་ཞུགས་པར་མཉམ་དུ་སྣེ་ཁྲིད་བྱས། བདག་གིས་རོན་ཧྥུའུ་ཀྲུང་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་འབྲེལ་བ་མདུན་དུ་སྐྱོད་པའི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ། རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་དར་སྤེལ་བྱེད་པ་དང་། ཐུན་མོང་གི་ཕུགས་འདུན་འདུ་ཤེས་དང་ལོ་རྒྱུས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། དུས་སྐབས་གསར་བར་ཀྲུང་གོ་དང་ཡོ་ནན་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཡོ་ནན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལག་རྡང་སྦྲེལ་ཏེ། རྒྱལ་ཁབ་རང་རང་གི་མི་རིགས་བཅིངས་འགྲོལ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཐད་ཀར་དུ་ཐུགས་ཁུར་གནང་བ་དང་མཛུབ་སྟོན་བྱས་འོག ཕྱོགས་གཉིས་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོར་འདེགས་སུ་འགྲོ་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།