ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་ཀྲུང་གོ་དང་འབར་མའི་རིག་གནས་གནས་སྐོར་ལོ་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ནེ་པུས་ཏུའུ་ཡི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་གཉིས་པའི་ནང་བསྡུས་པའི་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་ཀྲུང་གོ་དང་འབར་མའི་རིག་གནས་གནས་སྐོར་ལོ་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།  འབར་མའི་ཙུང་ཐུང་ཝུན་མེན་སོགས་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་ཤིས་ཚིག་ནང་བསྟན་དོན། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་མཐུན་འགྲོ་འོང་བྱས་ཏེ་ལོ་ངོ་སྟོང་ཕྲག་འགོར་བ་དང་། ཕྱོགས་གཉིས་བར་དུ་བསམ་བློ་གཅིག་མཐུན་དང་སྐྱིད་སྡུག་མཉམ་འཁུར་གྱི་མཛའ་བཤེས་ཟབ་མོ་དང་སྲོལ་རྒྱུན་བཟང་བོ་ཆགས་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་རིག་གནས་གནས་སྐོར་ལོའི་བྱ་འགུལ་ལེགས་པོར་བསྒྲུབ་པ་བརྒྱུད་དེ་ཕན་ཚུན་གྱི་དཔལ་ཡོན་དཔྱད་གཞིར་འཛིན་པ་དང་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས། ཀྲུང་ལོ་དང་འབར་མའི་མཛའ་མཐུན་ལས་དོན་གོང་འཕེལ་དུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འབར་མའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པ་བསྲུང་བྱ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཙོར་བཟུང་སྟེ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནམ་ཡང་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་བཟང་བོ་བྱེད་དགོས་ཟེར།

ཤིས་ཚིག་ཕུལ་རྗེས། ཞི་ཅིན་ཕིང་དང་ཝུན་མེན་རྣམ་གཉིས་ཀྱིས་ལྷན་དུ་གློག་སྒོ་མནན་པ་དང་མཉམ་དུ་ཀྲུང་གོ་དང་འབར་མའི་རིག་གནས་གནས་སྐོར་ལོ་དངོས་སུ་འགོ་བརྩམས། མཛད་སྒོ་འགོ་མ་རྩོམ་པའི་སྔོན་ལ། ཞི་ཅིན་ཕིང་གིས་འབར་མའི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།