ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕེང་འབར་མ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་ནས་ཕྱིར་ལོག་པ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས18ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་འབར་མ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ་མཇུག་སྒྲིལ་ཏེ་རྒྱལ་ནང་དུ་ཕྱིར་ལོག་པ་རེད།

ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ནེ་པིས་ཏུའུ་ནས་ཞལ་གྱེས་ཏེ་རང་རྒྱལ་དུ་ཕྱིར་ལོག འབར་མའི་ཙུང་ཐུང་གཞོན་པ་དང་པོ་མིང་རུའེ་ཡིས་ནང་བློན་ཁང་གི་པུའུ་ཀྲང་སྐོར་ཞིག་ཁྲིད་དེ་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་པ་དང་། འབར་མའི་གཞོན་ནུ་ཚོས་ཀྲུང་འབར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་ཞུས་ཤིང་། འབར་མའི་དམག་འཐབ་གནམ་གྲུ4མཁའ་དབྱིངས་སུ་འཕུར་ནས་ཀྲུང་གོའི་སྐུ་མགྲོན་ཚོར་ཕེབས་སྐྱེལ་ཞུས་པ་རེད།

 ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་ཡང་རྒྱལ་ནང་དུ་ཕྱིར་ལོག་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།