ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་ནས་ཀུན་སྤྱོད་དཔེ་ལེགས་ཅན་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་དྲོད་སྐྱིད་ཚོར་ཐུབ་པ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་སྒྲུབ་ལ་ཕྱོགས་པ། འཇོན་ཐང་ཅན་ལ་བཀུར་བསྟི། སྤྱོད་བཟང་ཁྱབ་གདལ་ཏུ་གཏོང་བ་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་བཏོད་ཡོད།

2019ལོའི་ཟླ9པར་ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱིས་པེ་ཅིང་དུ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཅན་ལ་གཟེངས་བསྟོད་གཟབ་རྒྱས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་དོན། ཀུན་སྤྱོད་དཔེ་ལེགས་ཅན་གྱི་བླ་ན་མེད་པའི་སྙིང་སྟོབས་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀུན་སྤྱོད་དཔེ་བཟང་ཅན་གྱིས་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་ཐད་བླང་བྱ་གསར་བ་བཏོན། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་ལ། ཁོང་ཚོར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་དང་འཚོ་བའི་དཀའ་ངལ་དངོས་རྣམས་ཐག་གཅོད་བྱེད་རོགས་བྱ་དགོས་ཞེས་བླང་བྱ་བཏོན། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་འཚམས་འདྲིའི་ཚོགས་ཆུང་མངགས་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)26ལ་བསྐྱོད་དེ་འཚོ་བར་དཀའ་ངལ་ཡོད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན48དང་ཁོ་ཚོའི་ནང་མིར་འཚམས་འདྲི་ཞུས་པ་དང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྤྲོད་གནང་སྟེ་རོགས་སྐྱོར་མ་དངུལ་དང་དཔྱིད་གསར་གྱི་སྨོན་འདུན་ཞུས། འཚམས་འདྲི་ཚོགས་ཆུང་གིས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་ཁོང་ཚོར་གཟུགས་པོར་བདག་གཅེས་དང་གཟི་བརྗིད་ལ་གཅེས་སྤྲས་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི2400ལྷག་ཙམ་བཏང་ནས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་མི་ཐེངས280ལྷག་ཙམ་ལ་རོགས་སྐྱོར་བྱས་པ་རེད། ས་གནས་ཁག་གིས་ཀྱང་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་ཐེངས་མང་སྤེལ་བ་དང་། སྲིད་ཇུས་ཀྱི་འགན་ལེན་དང་། མ་དངུལ་གྱི་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་ཞལ་འདེབས། དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གཅེས་སེམས་རོགས་སྐྱོར་གྱི་བྱ་ཐབས་དོན་འཁྱོལ་བྱས་ནས་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱས་པས་མི་བཟང་ལ་དྲིན་ལན་འཇལ་རྒྱུ་དང་སྤྱོད་བཟང་ཅན་ལ་ཐོབ་འོས་པའི་རིན་ཐང་གི་སྟོན་ཕྱོགས་མངོན་པར་བྱས་ཡོད། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།