ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། ཞིང་བ་ལས་བཟོ་བར་གླ་ཕོགས་སྟེར་བ་འགན་སྲུང་བྱེད་པའི་སྲོལ་ཡིག་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། ཞིང་བ་ལས་བཟོ་བར་གླ་ཕོགས་སྟེར་བ་འགན་སྲུང་བྱེད་པའི་སྲོལ་ཡིག་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

སྲོལ་ཡིག་ལས། གཅིག ཚོང་རའི་གཙོ་གཞིའི་འགན་འཁུར་དང་སྲིད་གཞུང་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ་དང་། སྤྱི་ཚོགས་ཀྱིས་མཐུན་སྦྱོར་སྒོས་ལྟ་སྐུལ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་མི་དམངས་སྲིད་གཞུང་དང་དེའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་སོགས་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱས་ནས་ཕྱོགས་མང་མཉམ་བཅོས་མངོན་འགྱུར་བྱེད་དགོས། གཉིས། གླ་ཕོགས་སྟེར་བའི་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ་དང་མགོ་ཁོངས་ནས་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ། གླ་ཕོགས་གཙང་སེལ་འགན་འཁྲི་གསལ་བོ་བྱེད་པ་དང་། གཏན་ཁེལ་བྱས་པའི་སྲིད་གཞུང་གི་དངུལ་གཏོང་ལས་གཞིའི་ཐད་མཁོ་བའི་མ་དངུལ་ཅིས་ཀྱང་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་ལས་ཨར་ལས་ལས་ཁུངས་ཀྱིས་ཚབ་དངུལ་སྤྲད་དེ་འཛུགས་སྐྲུན་བྱེད་མི་ཆོག བཞི། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ལ་དམིགགས་ཏེ་གཏན་འཁེལ་ཞིབ་ཕྲ་བཟོ་དགོས། ལྔ། མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་འགན་སྲུང་ཁྲིམས་སྲུང་ཡིད་ཆེས་ཡིག་ཚགས་དང་ཞིང་བ་ལས་བཟོ་བའི་གླ་ཕོགས་ཆད་ལ་བཞག་པའི་མཉམ་འབྲེལ་ཆད་གཅོད་ལམ་ལུགས་འཛུགས་པ་དང་། ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ཤུགས་བསྣན་ནས་ཞིང་བ་ལས་བཟོ་བར་གླ་ཕོགས་སྟེར་བ་འགན་སྲུང་བྱེད་དགོས་པ་བཅས་གཏན་འཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།