ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལའོ་ཝུའོ་ཡི་ཙུང་ལི་ཐུང་ལུན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125427736_15783193236931n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་དྲུག་ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝུའོ་ཡི་ཙུང་ལིས་ཐུང་ལུན་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ལའོ་ཝུའོ་གཉིས་ནི་རི་ཆུ་གཅིག་ཏུ་འདྲེས་པའི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་།   ལའོ་ཝུའོ་ཕྱོགས་དང་མཉམ་དུ་སྲོན་རྒྱུན་མཛའ་བརྩེ་དར་སྤེལ་དང་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ།  ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱེད་པ།   གཉིས་ཕན་མཉམ་རྒྱལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།    ཀྲུང་གོ་དང་ལའོ་ཝུའོ་གཉིས་ལ་དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་དེ།  ན་ནིང་ཕྱོགས་གཉིས་ཀྱི་ཉོ་ཚོང་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་པ་དང་།  དངུལ་རྩ་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ལའོ་ཝུའོ་ཡི་སྤུས་ལེགས་ཞིང་ཐོན་དངོས་རྫས་ཀྲུང་གོའི་ཁྲོམ་རའི་ནང་ཞུགས་པར་དགའ་བསུ་ཞུ་བ་ཡིན།   ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་དངོས་ཤུགས་ཆེ་བ་དང་ཡིད་རྟོན་ཡོད་པའི་ཁེ་ལས་ལའོ་ཝུའོ་རུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་ལའོ་ཝུའོ་ཕྱོགས་ཀྱིས་དམངས་ཚིས་ལེགས་བཅོས་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན།  ཀྲུང་གོས་ལའོ་ཝུའོ་ཕྱོགས་ཀྱིས་འབྲི་ཆུ་དང་མའེ་ཀུང་གཙང་བོའི་མཉམ་ལས་ཀྱི་མགོ་ཁྲིད་མི་སྣས་གྲོས་ཚོགས་ཐེངས་གསུམ་པ་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ་ལའོ་ཝུའོ་ནང་དུ་འདུ་བའི་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་།  ད་ལོར་དུས་བཅད་ལྟར་ཁུལ་ཁོངས་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པར་སྐུལ་འདེད་བཏང་སྟེ་རང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐུང་ལུན་གྱིས་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པར་མ་ཟད།   ན་ནིང་ལའོ་ཝུའོ་དང་ཀྲུང་གོ་གཉིས་ཀྱིས་བཀོད་པའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞི་བཀོད་པ་དེས་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་རྨང་གཞི་བརྟན་པོ་བཏིངས་པའི་ཚུལ་བསྟན།  ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འགུལ་སྐྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ་གཉིས་ཕན་མཉམ་ལས་གྲུབ་འབྲས་སྔར་ལས་མང་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།   རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་།   ཉོ་ཚོང་དང་དངུལ་གཏོང་།   ཡུལ་སྐོར།   ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་སྟོབས་ཤུགས་ཡོད་རྒུས་ལའོ་ཝུའོ་དང་ཀྲུང་གོའི་ལྕགས་ལམ་ལས་གཞི་ལག་བསྟར་བཟང་བོ་བྱེད་དགོས།   ལའོ་ཝུའོ་ཕྱོགས་ཀྱིས་ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་།   ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་ནས་ཀྲུང་གོའི་ཁེ་ལས་ལའོ་ཝུའོ་ལ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བ་ཡིན།   ལའོ་ཝུའོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཐུན་སྦྱོར་དམ་པོ་བྱས་ཏེ་འབྲི་ཆུ་དང་མའེ་ཀུང་གཙང་བོའི་མཉམ་ལས་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་གསུམ་པ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ།   རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱིས་དངུལ་རྩ་དང་ཆ་འཕྲིན།   གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་བྱས།

ཝང་དབྱི་དང་ཧི་ལིས་ཧྥིན་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།