ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་རྣམ་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་རྣམ་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་དང་མོང་གོལ་འབྲེལ་བ་སྔར་ལས་འཕེལ་རྒྱས་བྱུང་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུས་པ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། བདག་གིས་ཀྲུང་གོ་དང་མོང་གོལ་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་གསར་བའི་ནང་བདག་གིས་ཙུང་ཐུང་པ་ཐི་ཐུའུ་ལེ་ཀ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་མོང་གོལ་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

པ་ཐི་ཐུའུ་ལེ་ཀ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མོང་གོལ་དང་ཀྲུང་གོ་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་བྱུང་། མོང་གོལ་དང་ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱལ་ཁབ་རང་རང་གིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པར་མ་ཟད་དུས་དང་རྣམ་པ་ཀུན་ཏུ་ས་གནས་རང་གི་བདེ་འཇགས་དང་འཕེལ་རྒྱས་ཐད་ལ་བརྩོན་ལེན་བྱེད་ངེས་ཡིན། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་ཀྲུང་གོ་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྨོན་འདུན་ཞུ་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།