ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བཀའ་ཁྱབ་དང་པོའི་སྟེང་མིང་བཀོད་དེ་དམག་དཔུང་ཡོངས་ལ་སྦྱོང་རྡར་བྱེད་འགོ་རྩོམ་པའི་སྐུལ་སློང་བཀའ་ཁྱབ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བཀའ་ཁྱབ་དང་པོའི་སྟེང་མིང་བཀོད་དེ་དམག་དཔུང་ཡོངས་ལ་སྦྱོང་རྡར་བྱེད་འགོ་རྩོམ་པའི་སྐུལ་སློང་བཀའ་ཁྱབ་བསྒྲགས། བཀའ་ཁྱབ་ནང་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་དམག་དཔུང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པ་ལག་བསྟར་བྱེད་པ། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། དམག་ནང་དུ་ཞུགས་ཏེ་དམག་འཁྲུག་རྒྱག་པ་དང་དམག་ཁྲིད་དེ་དམག་འཁྲུག་རྒྱག་པ། དམག་སྦྱོང་བྱས་ཏེ་དམག་འཁྲུག་རྒྱག་པའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། སྟོབས་ཆེན་དགྲ་བོའི་འགྲན་ཡ་ལ་དམིགས་ཏེ་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་རྡར་དམ་འཛིན་བྱེད་པ་དང་། ཚད་མཐོན་པོའི་དོགས་ཟོན་རྣམ་པ་སྲུང་འཛིན་བྱས་ནས། བོས་ན་ཡོང་ཐུབ་པ་དང་ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་སྲུང་འཛིན་བྱེད་དགོས།

གོ་རིམ་ལྡན་པར་དམག་སྦྱོང་བྱེད་པ་འབུར་དུ་ཐོན་ཞིང་མཉམ་འབྲེལ་སྒོས་བཀོད་འདོམས་བྱས་ཏེ་སྦྱོང་རྡར་བྱེད་པར་ཤུགས་སྣོན་པ་དང་། དམག་དམངས་ཀྱི་སྦྱོང་རྡར་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས་ལ། ཁྱབ་ཁོངས་གསར་བ་དང་སྟོབས་ཤུགས་གསར་བ་དམག་འཐབ་མ་ལག་གི་སྦྱོང་རྡར་ཁྲོད་ཞུགས་པར་ཤུགས་སྣོན་པ་དང་། དམག་དཔུང་དང་ས་གནས་ཀྱིས་མཉམ་འབྲེལ་སྒོས་སྦྱོང་རྡར་བྱེད་པར་ཤུགས་སྣོན་ཞིང་སྦྱོང་རྡར་གྱི་ཚན་རྩལ་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། གྲ་སྒྲིག་དམག་འཐབ་ཀྱི་སྣེ་ཁྲིད་ནུས་པ་ཇེ་ཆེར་བཏང་ནས་གོ་རིམ་ལྡན་པའི་དམག་འཐབ་ནུས་པ་མཐོར་འདེགས་སུ་གཏོང་དགོས།

སྦྱོང་རྡར་སྤྱོད་ཚུལ་འབུར་དུ་ཐོན་པར་བྱས་ཏེ་དངོས་འཐབ་ཀྱི་དགོས་མཁོ་ལྟར་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་འཐབ་འཛིང་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སྤོབས་པ་ཆེན་པོས་དཀའ་ཁག་ཡོད་ཚད་ལས་རྣམ་པར་རྒྱལ་པ་དང་སྤོབས་པ་ཆེན་པོས་དགྲ་བོ་ཡོད་ཚད་ཕམ་པར་བརྒྱབ་ནས། བློ་ཐག་རྦད་ཆོད་སྒོས་ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་བའི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།