ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དང་རྩིས་གཉེར་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་སོགས་ལག་ཁྱེར་རྒྱུགས་སྤྲོད་དུས་ཚོད་གསལ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས2020ལོའི་ལོ་འཁོར་གྱི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་རྒྱུགས་སྤྲོད་ལས་དོན་གྱི་འཆར་གཞི་ཁྱབ་བསྒྲགས་བྱས་ནས་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དང་། རྩིས་གཉེར་བའི་ཐོབ་ཐང་ལག་ཁྱེར། བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་སོགས་ལས་རིགས56གི་ཐོབ་ཐང་ལག་ཁྱེར་ལེན་པའི་རྒྱུགས་སྤྲོད་དུས་ཚོད་གསལ་བསྒྲགས་བྱས་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཁྲིམས་འགལ་གསོ་སྦྱོང་ལས་ཁུངས་ཀྱིས“ཡིག་ཚད་ལོན་ཐག་ཆོད”ཡིན་ངེས་ཞེས་མི་གཞན་ལ་མགོ་སྐོར་རམ་ཡང་ན་གཡོ་ལས་བྱེད་པའི་སྒྲིག་འཛུགས་ལས་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན་ཞེས་བཤད།

00300416606_750b36f9.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།