ཀྲུང་གོ་བོད་ཀྱི་དྲ་བ།

སྐད་འཕྲིན་དང་པོད་ཕྲན་གྱི་གླེང་མོལ་ཟིན་ཐོ་དཔང་རྟགས་སུ་བརྩི་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས26ཉིན་ཁྱབ་བསྒྲགས་བྱས་པའི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈དམངས་དོན་གཏུག་བཤེར་དཔང་རྟགས་སྐོར་གྱི་གཏན་འབེབས་འགའ་ཞིག〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་། སླད་ཕྱིན་སྐད་འཕྲིན་དང་པོད་ཕྲན་གཉིས་ཀྱི་གླེང་མོལ་ཟིན་ཐོ་དེ་གཏུག་བཤེར་བྱེད་པའི་དཔང་རྟགས་སུ་བརྩི་ཆོག

1577429269246071.jpg

གཏན་འབེབས་དེར་གཞིགས་ན། གློག་རྡུལ་གྲངས་གཞིའི་ནང་གཤམ་གསལ་གྱི་ཆ་འཕྲིན་དང་གློག་རྡུལ་ཡིག་ཆ་ཚུད་ཡོད་པ་སྟེ། དྲ་ངོས་དང་། དཔོད་ཁུག པོད་ཕྲན་སོགས་དྲ་རྒྱའི་ལས་སྟེགས་སྟེང་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་དང་། ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་དང་། གློག་རྡུལ་སྦྲག་ཡིག འཕྲལ་མར་འཕྲིན་གཏོང་། འཕྲིན་གཏོང་ཚོགས་པ་སོགས་དྲ་རྒྱའི་ཉེར་སྤྱོད་ཞབས་ཞུའི་ཆ་འཕྲིན་དང་། སྤྱོད་མཁན་གྱི་ཐོ་འགོད་ཆ་འཕྲིན་དང་ཐོབ་ཐང་དཔང་དངོས་ར་སྤྲོད་ཆ་འཕྲིན། གློག་རྡུལ་ཉོ་ཚོང་ཟིན་ཐོ། འཕྲིན་གཏོང་ཟིན་ཐོ། ཐོ་འགོད་ཟིན་ཐོ་སོགས་ཀྱི་ཆ་འཕྲིན། ཡིག་ཚགས་དང་པར་རིས། སྒྲ་ཟློས། བརྙན་ཟློས། ཨང་ཀིའི་དཔང་ཡིག། རྩིས་འཁོར་བྱ་རིམ་སོགས་གློག་རྡུལ་ཡིག་ཆ། གྲངས་ཀ་ཅན་གྱི་རྣམ་པའི་ཐོག་ནས་ཉར་གསོག་དང་། ཐག་གཅོད། སྐྱེལ་གཏོང་བཅས་བྱས་པའི་གྱོད་གཞི་ལ་ར་སྤྲོད་ཐུབ་པའི་ཆ་འཕྲིན་གཞན་དག་བཅས་རེད།  

རང་རྒྱལ་གྱི་ཁྲིམས་འཛིན་ལག་ལེན་ཁྲོད་སྐད་འཕྲིན་དང་པོད་ཕྲན་གྱི་གླེང་མོལ་ཟིན་ཐོ་སོགས་དཔང་རྟགས་སུ་རྩིས་ནས་ཁྲིམས་གཅོད་བྱས་པའི་གྱོད་དཔེ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། ད་ཐེངས་ཀྱི་གཏན་འབེབས་ཁྱབ་བསྒྲགས་དེས་རྒྱལ་ཁབ་ཀྱི་ཆེས་མཐོའི་འདྲི་གཅོད་ལས་ཁུངས་ཀྱིས་ཁྲིམས་འཛིན་འགྲེལ་བཤད་ནང་སྐད་འཕྲིན་དང་པོད་ཕྲན་གྱི་གླེང་མོལ་ཟིན་ཐོ་རྣམས་དངོས་སུ་དཔང་རྟགས་བྱེད་ཆོག་པར་གཏན་འཁེལ་བྱས་པ་མཚོན་ཡོད།


འབྲེལ་ཡོད་གླེང་གཞི་འདི་དག་མི་ཚང་མའི་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།