ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་ལྔ་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125388010_15772805106681n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་ལྔ་བ་ཚེས25ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཚོགས་ཆེན་ལ་དམངས་དོན་སྐོར་གྱི་ཁྲིམས་གཞུང་འཆར་ཟིན་གྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་དང་དངུལ་འཛིན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ནགས་ཚལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། གཞིས་ཁུལ་ཡོ་བསྲང་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་སོགས་ཕུལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཆོད་དོན་འཆར་ཟིན་གྲོས་ཞིབ་གནས་ཚུལ་སྐོར་གྱི་གནས་ཚུལ་དང་འཐུས་མིའི་ལས་འཁུར་དགོངས་ཞུའི་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་གནས་ཚུལ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སོགས་ཡར་ཞུ་བྱས།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གོང་གི་གྲོས་གཞི་དང་འཆར་ཟིན་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།