ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཝེ་ཡིས་ཁྲིམས་འཛུགས་རིག་མཛོད་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་ནས་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་རིག་མཛོད་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་་ཝེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

མཱ་ཝེ་ཡིས་བསྟན་དོན། ཁྲིམས་འཛུགས་རིག་མཛོད་བཙུགས་པ་ནས་བཟུང་། དེའི་འཁོར་རྒྱུག་བདེ་ལེགས་ཡིན་པ་དང་ལས་ཀའི་འཕེལ་རིམ་ནུས་ལྡན་ཅན་དུ་ཕྱིན་པ། བྱེད་ནུས་འདོན་སྤེལ་ཡག་པོ་བཅས་བྱུང་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཙོ་ཁྲིད་བྱེད་པ་དང་། ཕྱོགས་ཁག་སོ་སོ་མཉམ་དུ་ཟབ་ཞུགས་བྱེད་པ།  གོང་འོག་མཐུན་སྦྱོར་ལེགས་པོ་བྱེད་པ། ཕན་འབྲས་དངོས་ལ་དོ་སྣང་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་རགས་ཙམ་ཆགས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཆེད་ལས་ཀྱི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད་ཟེར། 

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ཤེས་ལྡན་མི་སྣའི་རིག་མཛོད་ཐོན་ཁུངས་ནི་ཆེས་རྩ་ཆེ་བའི་ཐོན་ཁུངས་ཤིག་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་། ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཆོད་མཐོ་རུ་གཏོང་བ་སོགས་ཐད་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་རྒྱུ་དང་། ཁྲིམས་སྲོལ་བཟང་བོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་བྱེད་མཁས་པའི་འདུ་ཤེས་འཛུགས་པ། རིག་མཛོད་ལས་དོན་དེ་ཚན་རིག་དང་མཐུན་ཞིང་དམངས་གཙོའི་ངོ་བོ་ལྡན་ལ། ཁྲིམས་ལྟར་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ། ཁྲིམས་འཛུགས་སྐོར་གྱི་བཅའ་ཁྲིམས་ཡག་པོ་ཡོད་མེད་དང་། དོ་དམ་བྱེད་མིན། དོན་དངོས་ཐག་གཅོད་ཐུབ་མིན་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་དོ་མཉམ་མིན་པ་དང་ལེགས་ལམ་དུ་མ་སོང་བའི་གནད་དོན་ཁག་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་དམིགས་ནས། ཆེད་མཁས་པའི་རིག་མཛོད་དགེ་མཚན་དང་ཁྲིམས་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་འབད་འབུངས་བྱེད་དགོས་ཟེར། 

མཱ་ཝེ་ཡིས་མུ་མཐུད་དུ་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཡོད། རིག་མཛོད་ཆེད་མཁས་པ་རྣམས་ཀྱིས་དམངས་ཀྱི་ཆེད་དུ་ཁྲིམས་འཛུགས་བྱེད་པའི་འདུ་ཤེས་རང་རྒྱུད་ལ་ངེས་སུ་བཅུག་ནས། རིག་པའི་གཞུང་ལུགས་དང་ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་རིག་ཚན་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་འཛུགས་ལག་ལེན་ནང་ཧུར་ཐག་སྒོས་ཞུགས་པ། རིག་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་རྒྱུན་ཆད་མེད་པར་འདོན་པ་བཅས་བྱས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། མི་དམངས་འཐུས་མིའི་་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞབས་ཞུའི་འགན་སྲུང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ལས་ཀའི་ཕན་འབྲས་མངོན་གསལ་ཇེ་དྲག་ཏུ་གཏོང་བ། ཁྲིམས་འཛུགས་བྱ་བའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་པ། ཁྲིམས་འཛུགས་སྤྱིའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།