ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191225094351V8H.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲིན་ཏུའུ་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཁྲིན་ཏུའུ་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ནི་ཆེས་གལ་ཆེ་བའི་ཁྱིམ་མཚེས་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན། དེ་རིང་སྟེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ལགས་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་མཇལ་འཕྲད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་པོ་བྱེད་བཞིན་ཡོད་པ་དང་། ཧན་གོ་ཕྱོགས་དང་མཉམ་དུ་ཆེ་ཕྱོགས་ལ་དམིགས་པ་དང་ཡུན་རིང་གི་ངོས་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པ། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་པ། མི་གཞུང་བརྗེ་རེས་ཀྱི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་སྟེ། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཁྱད་སྟོབས་ཁ་གསབ་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་མཉམ་ལས་དེ་ས་ཁུལ་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བྱེད་འདོད་ཡོད། ང་ཚོས་ཧན་གོ་དང་འཇར་པན་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་གྱི་མཉམ་ལས་སྐུལ་འདེད་བཏང་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོང་བྱས་ཏེ། ཁུལ་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བ་བའི་གྲོས་མཐུན་སྔ་མོ་ནས་འགོད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝུན་ཚེ་དབྱིན་གྱིས་བསྟན་དོན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁུལ་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་སྔ་མོ་ནས་འགོད་པར་སྐུལ་འདེད་བཏང་སྟེ། དོན་དངོས་ཀྱི་བྱ་སྤྱོད་ལས་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཞའོ་ཅེ་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།