ཀྲུང་གོ་བོད་ཀྱི་དྲ་བ།

2019ལོར་རང་རྒྱལ་གྱིས་དབུལ་པོ་མི་གྲངས་ཁྲི་1000ཡན་ཉུང་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་ལོ་འཁོར་མོར་དབུལ་པོ་མི་གྲངས་ཁྲི1000ཡན་ཉུང་དུ་འགྲོ་རྒྱུ་དང་། རྫོང་དབུལ་པོ340ཙམ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་འཕུད་རྒྱུ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཛུགས་སྐྲུན་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཐུབ་རྒྱུ་བཅས་རེད།

ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རིམ་འགངས་ཆེན་བྱུང་ནས“ཁུལ་གསུམ་ཀྲོའུ་གསུམ”གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2018ལོའི་ཁྲི་172ནས་འདི་ལོའི་ལོ་མཇུག་གི་ཁྲི་43བར་ཉུང་དུ་ཕྱིན་ཏེ་དབུལ་པོ་ཐོན་ཚད་8.2%ནས་2%བར་ཆག་པ་དང་ཆག་ཚད་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་3.6གིས་མཐོ་བ་ཡོད་པ་རེད། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་སྟེ་རྒྱལ་ཡོངས་སུ་ཁྱོན་མི་ཁྲི་520ལྷག་ཙམ་ལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཐག་གཅོད་ཐུབ་མེད་པ་གྲལ་བཤེར་ཐུབ་པ་དང་མིག་སྔར་མི་ཁྲི་500ཐག་གཅོད་བྱས་ཟིན་པ་རེད། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དབུལ་སྐྱོར་མཉམ་ལས་གྲོས་མཐུན་དང་གནས་གཏན་འཁེལ་གྱི་དབུལ་སྐྱོར་འགན་འཁྲིའི་ཡི་གེའི་ལོ་འཁོར་གྱི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཟིན་པ་རེད།

2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན་གོམ་སྟབས་རྗེས་མར་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུའི་ནང་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་མིང་སྦྱར་སྒྲུབ་སྐུལ་བྱེད་པ་དང་མི་འབོར་དབུལ་པོ་ཁྲི་10ལྷག་ཙམ་ཡོད་པའི་ནུབ་རྒྱུད་ཞིང་ཆེན་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་དམིགས་བསལ་མི་འབོར་དབུལ་པོའི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱེད་པར་ཤུགས་རྐྱེན་བཟོ་བའི་རིགས་ཁག་གི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པའི་རྫོང་ཚང་མར་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་བྱས་ཐོག་བལྟོས་བཅས་ཀྱིས་དབུལ་པོ་ཡིན་པ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་ཞིབ་འཇུག་བྱས་ཏེ་བཟོ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།