ཀྲུང་གོ་བོད་ཀྱི་དྲ་བ།

སྒྲིག་འགལ་དགེ་རྒན་གྱིས་ཚེ་གང་བོར་སློབ་གསོའི་ལས་བྱེད་མི་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

教师违规终身禁教 教育部强调:使违规者付出代价

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཚེས16ཉིན་སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སློབ་གསོ་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རིག་གནས་དང་ཡུལ་སྐོར་པུའུ་སོགས་ཀྱིས་མཉམ་འབྲེལ་ཐོག《དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམས་བྱས་པ་རེད། བསམ་འཆར་དེ2018ལོར་བཏོན་པའི་མཐོ་སློབ་དང་། སློབ་གྲྭ་ཆུང་འབྲིང་། བུ་བཅོལ་ཁང་བཅས་ཀྱི་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་དང་ཟུང་འབྲེལ་བྱས་ནས་འཐུས་སྒོ་ཚང་བའི་དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་མ་ལག་ཅིག་བཏོད་ཡོད་པ་རེད།

སློབ་གསོ་པུའུ་དགེ་རྒན་ལས་དོན་སིའི་སི་ཀྲང་རེན་ཡིའུ་ཆུན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཕན་འབྲས་དེ་སློབ་གྲྭའི་ལས་དོན་མཐའ་དག་ལ་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩི་བ་དང་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་དེ་དགེ་རྒན་དཔུང་ཁག་གི་བྱང་ཚད་ལ་གདེང་འཇོག་བྱེད་པའི་ཚད་གཞི་ཨང་དང་པོར་བརྩི་དགོས། དུས་བབ་གསར་པའི་འོག་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཐད་གནས་པའི་གནད་དོན་གསར་པར་དམིགས་ཏེ་ཕྱོགས་བསྡུས་མཐའ་འཁྱོངས་དང་ཆེད་དོན་བཅོས་སྒྲིག་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་སྒྲིག་འགལ་གྱི་བྱ་སྤྱོད་དེ་མྱུ་གུ་འབུས་པའི་རྣམ་པ་ནས་མེད་པར་བཟོ་དགོས། དགེ་རྒན་ལ་ལ་ཡི་ཡ་མེད་སྒྲིག་འགལ་གྱི་དོན་དངོས་ལ་མཐོང་ཆེན་བྱེད་པ་དང་། ལྟ་སྐུལ་དང་དཔྱད་ཞིབ་ནན་པོར་བརྟེན་ནས་གཅུན་སྡོམ་བྱེད་པ། ཐག་གཅོད་བྱེད་ཐབས་ནན་པོར་བརྟེན་ནས་ཆད་པ་མཐའ་གཅིག་ཏུ་གཅོད་པ། སྒྲིག་འགལ་ཅན་ལ་ཆད་པ་ནན་མོ་གཅོད་པ། ཚབས་ཆེ་བའི་རིགས་ལ་ཚེ་གང་པོར་དགེ་རྒན་གྱི་ལས་བྱེད་མི་ཆོག་པ་བྱས་ཏེ་ཉེན་ཟོན་ཟིལ་གནོན་གྱི་ནུས་པ་ཐོན་པ་བཅས་བྱེད་དགོས་ཞེས་བཤད།

教师违规终身禁教 教育部强调:使违规者付出代价

སློབ་གསོ་པུའུ་ཡིས་ཉེ་དུས་ཐོན་པའི་མཐོ་སློབ་དགེ་རྒན་ཁག་གཅིག་གིས་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་ལས་འགལ་བའི་དོན་རྐྱེན་ལ་དམིགས་ཏེ། རེན་ཡིའུ་ཆུན་གྱིས་སློབ་གསོ་པུས་ས་གནས་དང་མཐོ་སློབ་ཀྱིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་ཁག་བཅུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་སློབ་གསོ་ཁྲིད་སྟོན་དང་རྒྱུན་གཏན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སྒྲིག་འགལ་བྱ་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་མུ་མཐུད་ཡོངས་བསྒྲགས་བྱས་ནས་སྒྲིག་འགལ་བྱེད་མཁན་ལ་ཆད་པ་ནན་མོ་གཅོད་དགོས་ཞེས་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།