དམག་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བ་དང་སྔོན་ཐོན་ལས་བྱེད་པའི་ངལ་གསོ་ཁང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སྔོན་ཐོན་ལས་བྱེད་པ། ལས་བྱེད་པ་རྒན་པའི་སྔོན་ཐོན་བྱ་བ་བསྒྲུབ་མཁན་བཅས་ཀྱི་གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་དམག་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བ་དང་སྔོན་ཐོན་ལས་བྱེད་པའི་ངལ་གསོ་ཁང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སྔོན་ཐོན་ལས་བྱེད་པ། ལས་བྱེད་པ་རྒན་པའི་སྔོན་ཐོན་བྱ་བ་བསྒྲུབ་མཁན་བཅས་ཀྱི་གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས་9ཉིན་པེ་ཅིང་དུ་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཚོགས་འདུ་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དམག་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་ཞུས་ལ། དམག་ཡོངས་ཀྱི་ལས་བྱེད་པ་རྒན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པས་ཏང་གིས་འགོ་ཁྲིད་གནང་བའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ཐད་བྱས་རྗེས་གལ་ཆེན་ཕུལ་ཡོད་པས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་གཟི་བརྗིད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་རང་མདངས་ལ་གཅེས་སྤྲས་བྱ་རྒྱུ་ནི་རེ་བ་ཡིན་ཟེར། རིམ་པ་སོ་སོའི་ཏང་ཨུ་དང་ལས་ཁུངས། རྒྱ་ཆེའི་ལས་བྱེད་པ་རྒན་པའི་བྱ་བ་བསྒྲུབ་མཁན་ཚོས་རང་རེའི་ཏང་དང་རང་དམག་གི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་དར་སྤེལ་གཏོང་བའི་མཐོ་ཚད་ནས་རྒན་བཀུར་རྒན་གཅེས་དང་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུས་ཏེ་དམག་དཔུང་གི་ལས་བྱེད་པ་རྒན་པའི་གསར་གཏོད་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་དར་རྒྱས་གཏོང་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།