ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་བུད་མེད་ཅིག་གི་སྙིང་ལྡིང་མཚམས་བཞག་ནས་ཆུ་ཚོད་6འགོར་རྗེས“འཆི་བ་སླར་གསོན”བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་མཉམ་འབྲེལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་བུད་མེད་ཅིག་སི་ཕེན་གྱི་པི་ལི་ཉིའུ་སི་རི་བོར་རྐང་ཐང་དུ་ཡུལ་སྐོར་སྐྱོད་སྐབས་ཁངས་རླུང་ཆེན་པོར་འཕྲད་པས་ལུས་དྲོད་ཤིན་ཏུ་དམའ་བར་གྱུར་ནས་འདུ་ཤེས་ཉམས་ཞིང་སྙིང་ལྡིང་མཚམས་བཞག འོན་ཀྱང་སྨན་བཅོས་མི་སྣའི་མྱུར་སྐྱོབ་ལྷོད་མེད་བྱས་པ་བརྒྱུད་ཁོང་གིས་སྙིང་ལྡིང་མཚམས་བཞག་ནས་ཆུ་ཚོད་དྲུག་ཙམ་འགོར་རྗེས་ངོ་མཚར་ཆེ་བའི་ངང་སླར་གསོན་བྱུང་ཡོད།

1575857510503442.jpg

གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་བུད་མེད་དེའི་མིང་ལ་ཨའོ་ཏེ་ལི་ཟེར་བ་དང་། ཁོ་མོས་ཟླ་གོང་མར་བཟའ་ཟླ་ལུའོ་ཨེན་དང་མཉམ་དུ་སི་ཕེན་གྱི་པི་ལི་ཉིའུ་སི་རི་བོར་རྐང་ཐང་དུ་སྐྱོད་སྐབས་གློ་བུར་དུ་ཁངས་རླུང་ཆེན་པོ་འཕྲད་ནས་རི་ཁུག་ཏུ་ལུས་པ་རེད། རི་ཁུལ་གྱི་དྲོད་ཚད་ཧ་ཅང་དམའ་བས་ཨའོ་ཏེ་ལིའི་གཟུགས་པོ་མི་བདེ་བའི་གནས་ཚུལ་ཐོན་པ་སྟེ། སྔོན་ལ་སྐད་ཆ་ཤོད་པ་དང་འགྲོ་དཀའ་བར་གྱུར་རྗེས་དྲན་མེད་དུ་བརྒྱལ་བ་རེད། 

1575857509831004.jpg

ཁྱོ་ག་ལུའོ་ཨེན་གྱིས་མྱུར་སྐྱོབ་བྱེད་པར་ཁ་པར་རྒྱག་འདོད་ནའང་། ཁངས་རླུང་ཆེན་པོ་མཚམས་བཞག་རྗེས་གཞི་ནས་བརྡ་རྟགས་རྙེད་པ་རེད། ཁྱོ་ག་ལུའོ་ཨེན་གྱིས་ཕྱིར་དྲན་བྱས་པར་གཞིགས་ན། རོགས་སྐྱོབ་མི་སྣ་མ་འབྱོར་སྔོན་དུ་ཨའོ་ཏེ་ལི་སྙིང་གི་འཕར་ལྡིང་མཚམས་བཞག་པ་རེད། ཆུ་ཚོད་གཉིས་ཀྱི་རྗེས་སུ་རོགས་སྐྱོབ་ཐད་འཕུར་གནམ་གྲུ་གཞི་ནས་འབྱོར་བྱུང་། སྐབས་དེར་ཨའོ་ཏེ་ལི་ཡི་ལུས་དྲོད་ཏུའུ18ལ་ཆག་ཡོད། རོགས་སྐྱོབ་མི་སྣས་འཕྲལ་མར་ཁོ་མོ་ལ་གློ་སྙིང་སླར་གསོ་བྱས་པ་དང་འབྲེལ་མོ་ས་གནས་དེ་གའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་པར་བསྐྱལ་བ་རེད།

1575857509531254.jpg

སི་ཕེན་གྱི་སྨན་པ་ཨ་ཀུའུ་ཏོ་ཡིས་བཤད་རྒྱུར། སྐབས་དེར་ཨའོ་ཏེ་ལི་གཏན་ནས་འགུལ་མི་ཐུབ་ཅིང་། འདུ་ཤེས་མེད་པ། ལུས་པོ་རེངས་པོར་གྱུར་ཡོད། ལུས་དྲོད་དམའ་དྲགས་པ་དང་དྲན་པ་འཐོར་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་བྱུང་ཡོད།

1575857509824540.jpg

སྨན་པས་དཔྱད་ཆས་ལ་བརྟེན་ནས་ཨའོ་ཏེ་ལི་ཡི་ཁྲག་བླངས་པ་དང་། དབྱང་རླུང་རྒྱབ་རྗེས་མོའི་ལུས་སྟེང་དུ་དྲངས་སྟེ། མོའི་ལུས་དྲོད་རིམ་བཞིན་ཇེ་མཐོར་སོང་བ་རེད། དེའི་རྗེས་འདར་སེལ་ཆས་ཀྱིས་མོའི་སྙིང་གི་འཕར་ལྡིང་སླར་གསོ་བྱེད་རྩིས་བྱས། མཇུག་མཐར། སྨན་པས་ཧུར་བརྩོན་གྱིས་མྱུར་སྐྱོབ་བྱས་པ་བརྒྱུད། ཨོ་ཏེ་ལིས་ཀྱི་སྙིང་གི་འཕར་ལྡིང་སླར་གསོ་བྱུང་། སྨན་པས་དྲོད་ཚད་དམའ་མོས་ཁོ་མོའི་ལུས་པོ་དང་ཀླད་ཆེན་ལ་སྲུང་སྐྱོབ་བྱུང་ཡོད་པ་དང་། གནས་ཚུལ་ཇེ་སྡུག་ཏུ་སོང་མེད། དེ་བས་ཁོ་མོ་སླར་གསོན་བྱུང་བ་རེད་ཅེས་བཤད། ཨའོ་ཏེ་ལི་ཉིན་12ཀྱི་རྗེས་སུ་སྨན་ཁང་ནས་ཕྱིར་བུད་པ་དང་། ལུས་པོར་སྐྱོན་ཆེན་པོ་མེད་པས། ལག་པ་གཉིས་ཀྱི་སྟབས་བསྟུན་ཚད་དང་ཚོར་སྐྱེན་ཚད་ཁོ་ནར་ནད་གཞུག་གནས་ཚུལ་ཡོད། སྐབས་དེ་དུས་ཤི་གསོན་གཉིས་ཀྱི་འགག་སྒོ་ནས་ཐེངས་གཅིག་བརྒྱུད་པའི་མྱོང་བ་ཕྱིར་དྲན་བྱེད་སྐབས་ཨའོ་ཏེ་ལིས་དེ་ནི་ཧ་ཅང་ངོ་མཚར་ཆེ་བའི་བྱ་བ་ཞིག་རེད་ཅེས་བཤད།

1575857510763869.jpg

དབྱིན་ཇིའི་བུད་མེད་ཨའོ་ཏེ་ལིས་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། སྨན་པ་ཚོས་ཧུར་བརྩོན་གྱིས་མྱུར་སྐྱོབ་བྱས་ནས་ངོ་མཚར་བསྐྲུན་པ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།