ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་སྐབས31པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས5ཉིན། སྐབས31པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྐྱེ་ཁམས་སྐྱིན་གསབ་རྐྱེན་སྲོལ་འཛུགས་པ་ནི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལམ་ལུགས་འཐུས་ཚང་དང་དངུལ་གཏོང་ཇེ་མང་དུ་གཏོང་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དོན་དངོས་ལ་གཞི་ཚུགས་པ་དང་འཚོལ་ཞིབ་ཁྲོད་དུ་མདུན་སྐྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་གནས་ཚུལ་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སྐྱིན་སྤྲོད་ལམ་ལུགས་མ་ལག་ཆགས་པར་བྱེད་དགོས་པར་མ་ཟད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འདེགས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

1125313275_15755501115571n.jpg

ཟླ12པའི་ཚེས5ཉིན། སྐབས31པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

  སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ12ཀྱིས་སྐྱེ་ཁམས་ཁ་གསབ་སྐྱིན་སྤྲོད་ཀྱི་མ་དངུལ་གཏོང་བ་དང་། མཐུན་སྦྱོར་ལམ་སྲོལ། སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པ། ཁྲིམས་སྐྱོང་འགན་ལེན་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་པ་རེད། ཨུ་ཡོན160ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན། ཚང་མས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་འབྲེལ་ཡོད་ཀྱིས་སྐྱེ་ཁམས་ཁ་གསབ་སྐྱིན་སྤྲོད་ལམ་སྲོལ་འཛུགས་སྐྱོང་ལ་དམིགས་ནས་དགེ་མཚན་ལྡན་པའི་འཚོལ་ཞིབ་འབོར་ཆེན་བྱས་ཏེ་དུས་ཐུང་ནང་གཞི་རྩའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་བསྐྲུན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ནོར་སྲིད་གཏོང་ཡོང་གི་འགལ་བ་ཇེ་ཆེར་སོང་བའི་གནས་ཚུལ་འོག  སྐྱེ་ཁམས་ཁ་གསབ་ལ་མ་དངུལ་འཇོག་གྲངས་འཕར་སྣོན་ཆེན་པོ་བྱུང་བ་དང་། ཁ་གསབ་བྱེད་ཁོངས་རིམ་བཞིན་རྒྱ་ཆེར་སོང་བས། དངོས་གནས་ལས་སླ་པོ་ཞིག་མིན། དུས་མཚུངས་སུ་མཐོང་དགོས་པ་ཞིག་ནི། སྐྱེ་ཁམས་ཁ་གསབ་ཀྱི་འབྲེལ་བ་རྒྱ་ཆེ་ཞིང་ཁེ་ཕན་གྱི་འབྲེལ་བ་རྙོག་འཛིང་ཆེ་བ་དང་། ལས་ཀའི་ཁྲོད་དུ་ད་དུང་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་མིན་པ་དང་། ཁ་གསབ་ལམ་སྲོལ་འཐུས་ཚང་མིན་པ། ཁ་གསབ་མ་དངུལ་གྱི་ཐབས་ལམ་སྣ་གཅིག་ཡིན་པ། ཁ་གསབ་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་གནས་ཡོད་པས། རྒྱུན་འཁྱོངས་ཁྲོད་སྲ་བརྟན་དང་འཐུས་ཚང་ཁྲོད་འཕེལ་རྒྱས་གཏོང་དགོས་ཞེས་གསུངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལི་པིན། ཧོ་ཝེ་བཅས་གྲོས་ཚོགས་སྟེང་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞོ་ཀོང་གིས་བརྗོད་དོན་གཏམ་བཤད་སྤེལ་བ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ནོར་སྲིད་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་བསམ་བློ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།