ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125308673_15754623154041n.jpg

ཟླ12པའི་ཚེས4ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས4ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁྱེད་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་སར་ཝ་ཏོལ་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ནས་ལངས་པར་སྣེ་ཁྲིད་བྱས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སར་ཝ་ཏོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་ཞིང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་ཀྲུང་གོ་དང་སར་ཝ་ཏོལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

པུའུ་ཁི་ཨར་གྱིས་བཤད་རྒྱུར། སར་ཝ་ཏོལ་དང་ཀྲུང་གོའི་བར་དུ་ཕྱི་ཕྱོགས་འབྲེལ་བ་བཙུགས་པར་སར་ཝ་ཏོལ་གྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་ཆེན་པོ་ཐོབ། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོས་སྔ་མོ་ནས་ཞི་བདེ་གཅིག་གྱུར་མངོན་གྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་ལ་ཤུགས་བསྣན་ཏེ་སར་ཝ་ཏོལ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་རོགས་འདེགས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།