ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་ལོ་7ནང་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་ཁྲི31ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་4ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གཏན་འབེབས་དོན་ཚན་བརྒྱད་ཁྱབ་བསྒྲགས་བྱས་ནས་ལོ7རིང་། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཁྱོན་གནད་དོན་ཁྲི་31.7ཞིབ་བཤེར་ཐག་གཅོད་བྱས་ལ། མི་ཁྲི་11.7ཐག་གཅོད་བྱས་པ་བཅས་ཀྱི་ནང་ཏང་གི་སྒྲིག་ཁྲིམས་སྲིད་དོན(མི་གྲངས)ཁྲི་26.9ལ་ཆད་པ་བཅད་པ་རེད།

“སྤྱོད་ཚུལ་བཞིའི”གནད་དོན་རིགས་ལྔ་མངོན་གསལ་དོད་པོ་ཡིན་པ།

image001.png

ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་གྲངས་འབོར་ཐོག་ནས་བལྟས་ན། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཡང་ན་ཕན་བདེ་སྤྲོད་པ་དང་། སྒྲིག་འགལ་ངང་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱེད་པའི་གནད་དོན་རིགས་གཉིས་མངོན་གསལ་དོད་ཤོས་ཡིན་པ་དང་། ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གཉིས་ཀ་གྲངས་འབོར་ཁྲི་5ལས་བརྒལ་བ་སྟེ། སོ་སོའི་གནད་དོན་ཁྲི་5.83དང་ཁྲི་5.28སོ་སོར་ཞིབ་བཤེར་ཐག་གཅོད་བྱས། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་དང་། སྒྲིག་འགལ་ངང་གཞུང་དངུལ་བཏང་བ། གཟབ་རྒྱས་ངང་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་གནད་དོན་ཡང་ཞིབ་བཤེར་ཐག་གཅོད་མང་ཙམ་བྱས་པ། སོ་སོར་གྲངས་འབོར་ཁྲི་4.68དང་ཁྲི་3.39། ཁྲི་6བཅས་ཡིན་པ་རེད།

གནད་དོན་རིགས་ལྔ་པོ་དེ་ཞིབ་བཤེར་ཐག་གཅོད་བྱས་པའི་གྲངས་འབོར་གྱིས་གནད་དོན་ཧྲིལ་པོའི་ཁྲོད་བསྡུར་ཚད་བཅུ་ཆ་7ལས་བརྒལ་བ་དེ་ནི་“སྤྱོད་ཚུལ་བཞིའི”གནད་དོན་གྱི་མངོན་གསལ་དོད་ཤོས་ཀྱི་མཚོན་ཚུལ་5ཡིན་ལ་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་དང་། ལྔ་པའི་ཚེས་ལྔའི་དུས་ཆེན། བརྒྱད་པའི་ཚེས་ལྔའི་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་དུས་ཚོད་གལ་ཆེན་ནང་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ཞིག་ཀྱང་རེད།

ལོ་7རིང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་32ཐག་གཅོད་བྱས་པ།


image002.png


ཞིབ་བཤེར་ཐག་གཅོད་བྱས་པའི་མི་ཚོགས་ལྟར་ན། ལོ་7རིང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་32ལ་ཐག་གཅོད་བྱས་པ་དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་4257ལ་ཐག་གཅོད་བྱས་པ། ལས་བྱེད་པ་37066ལ་ཐག་གཅོད་བྱས་པ། ཞང་དང་ཁོའོ་རིམ་པ་དང་དེ་མན་ཆད་ཀྱི་ལས་བྱེད་པ་ཁྲི་39.57ལ་ཐག་གཅོད་བྱས་པ་བཅས་རེད།

གྲངས་གཞི་འདིའི་ཐོག་ནས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྡེ་ཚན་དང་ཚན་པ་དང་ས་ཁུལ་ཡོངས་ཀྱི་དར་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་རེ་འབོད་ལ་ལན་སློག་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི“སྤྱོད་ཚུལ་བཞིའི”གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།