ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་ཝུའུ་ཡན་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1575423457608272.jpg

ཟླ12པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ཀྲུང་ནན་ཧེ་རུ་ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་ཝུའུ་ཡན་ལ་མཇལ་འཕྲད་གནང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏིན་ལིན་གྱིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས3ཉིན་ཀྲུང་ནན་ཧེ་རུ་ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་ཝུའུ་ཡན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་ཝེ་ཝུའུ་ཡན་གྱིས་ཨེ་ཤ་ཡ་གླིང་དངུལ་ཁང་གི་ཧང་ཀྲང་གི་འགན་འཁུར་བ་ནས་བཟུང་ཕྱོགས་མང་རིང་ལུགས་ཀྱི་གཙོ་འགན་འཁུར་ཏེ། ཨེ་ཤ་ཡ་གླིང་དངུལ་ཁང་གིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་བར་བསྔགས་བརྗོད་གནང་བ་རེད།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་ཚང་མིན་པའི་གནད་དོན་ད་དུང་མངོན་གསལ་ཡིན། ཀྲུང་གོ་དང་ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་གི་མཉམ་ལས་འབྲེལ་བའི་ས་ཁོངས་ཧ་ཅང་རྒྱ་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བ་སྔར་བས་འཕེལ་རྒྱས་ཡོང་རྒྱུར་ཡིད་ཆེས་ཡོད། ཨེ་ཤ་ཡ་གླིང་དངུལ་ཁང་གིས་ཀྲུང་གོའི་ཕྱོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་ནས་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཞིང་། མིག་སྔར་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་གེགས་རྐྱེན་ལ་འཕྲད་པ་དང་། འཛམ་གླིང་གི་དཔལ་འབྱོར་མར་ཆག་པའི་ཉེན་ཁ་དང་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤ་ཡ་དང་མཉམ་དུ་བགྲོད་ལམ་གཅིག་ཏུ་བསྐྱོད་ནས། ཐུན་མོང་གིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཀྲུང་ཝེ་ཝུའུ་ཡན་གྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་གང་ལེགས་གནང་ཞིང་། ཨེ་ཤ་ཡ་གླིང་དངུལ་ཁང་གིས་ཀྲུང་གོའི་ཕྱོགས་ལ་མུ་མཐུད་དངུལ་བུན་གྱི་རྒྱབ་སྐྱོར་དང་། ཧུར་ཐག་གིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དང་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མི་གཞན་དག་ལ་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཕྱོགས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།