ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུའུ་ཡིའུ་ཡུང་ལ“དུས་རབས་ཀྱི་མིག་དཔེའི“མཚན་སྙན་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1575340596860394.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དབུལ་ཐར་འགག་སྒྲོལ་ལ་འབད་འཐབ་བྱས་ནས་རྒྱལ་ཁ་ལེན་པའི་སྐབས་འདིར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཚེས་2ཉིན་པེ་ཅིང་དུ་སྤྱི་ཚོགས་ཡོངས་ལ་ཀྲུའུ་ཡིའུ་ཡུང་གི་མཛད་རྗེས་ཁྱབ་བསྒྲགས་བྱས་ནས “དུས་རབས་ཀྱི་མིག་དཔེའི”མཚན་སྙན་གནང་བ་རེད།

1575340596297756.jpg

ཀྲུའུ་ཡིའུ་ཡུང་ནི་ཀྲུང་གོ་བཟོ་འགོད་གླིང་གི་ཡོན་ཧྲི་དང་། ཡུན་ནན་ཞིང་ལས་སློབ་ཆེན་གྱི་མཚན་འཛིན་སློབ་གཙོ། ཡུན་ནན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། རང་རྒྱལ་གྱི་སྐད་གྲགས་ཡོད་པའི་རྩི་ཤིང་ནད་ལུགས་རིག་པའི་ཆེད་མཁས་བ་བཅས་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དབུལ་ཐར་འགག་སྒྲོལ་གྱི་བྱ་གཞག་ལ་ཧུར་ཐག་བྱས་ཏེ་རང་འགུལ་ངང“མི་རིགས་ཀྱི་ཐད་བརྒལ་ཁུལ”དུ་དབུལ་སྐྱོར་ལས་འགན་ཁུར་བ་དང་གྲོང་མིའི་སྣེ་ཁྲིད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ཡོད། ཁོང་གིས་ཞིང་ལས་ཚན་རིག་ཞིབ་འཇུག་ལ་གཞོལ་ནས་གལ་ཆེའི་གྲུབ་འབྲས་མང་པོ་ཐོབ་པ་དང་། གྲོང་གསེབ་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ། ཡོན་ཧྲིའི་ཚན་རྩལ་དབུལ་སྐྱོར་མཛུབ་ཁྲིད་འཛིན་གྲྭ་བཙུགས་ཤིང་། ཡུན་ནན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དབུལ་པོར་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པ་1000ལྷག་ཙམ་གསོ་སྐྱོང་བྱས་ཡོད།

“དུས་རབས་ཀྱི་མིག་དཔེ”ཁྱབ་བསྒྲགས་མཛད་སྒོའི་ཐོག《ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་བློ་མཐུན་ཀྲུའུ་ཡིའུ་ཡུང་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་ཀྲུའུ་ཡིའུ་ཡུང་གི་མཛད་རྗེས་མཚོན་པའི་བརྙན་ཐུང་བསྟན་པ་རེད། ཡོངས་བསྒྲགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཀྲུའུ་ཡིའུ་ཡུང་གི་ལས་རོགས་དང་། སློབ་མ། གྲོང་མིའི་འཐུས་མི། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སོགས་ཡོངས་བསྒྲགས་མཛད་སྒོར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།