ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀོང་ཀྲིག་ནས2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125294803_15752038958461n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཀོང་ཀྲིག་ནས2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། ཕྱོགས་མང་རིང་ལུགས་ནི་མིའི་རིགས་ཀྱི་དགོས་ངེས་ཀྱི་གདམ་གསེས་ཡིན་ལ། མཉམ་ལས་རྒྱ་བསྐྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་རེ་འདུན་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་སྲོག་ཤིང་ཡིན་པའི་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་གྲུབ་འབྲས་བཟང་བོ་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་ལ། དཔལ་འབྱོར་འཛམ་གླིང་ཅན་ལ་འཕེལ་འགྲིབ་བྱུང་ཞིང་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཇེ་དྲག་ཏུ་འགྲོ་བཞིན་པས། རྩ་བའི་སྟེང་ནས་ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་དང་སྒྲིག་ལམ་ལ་ཕོག་ཐུག་བྱས་ཡོད་ཟེར།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཆིངས་ཁྲོད་དུ་རྒྱ་ཆེར་ཞུགས་པ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱས་ནས། འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་སྣོན་འབྱུང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཀྲུང་གོས་རང་འགུལ་སྒོས་ཚོང་རའི་སྒོ་མོ་ཡངས་བར་ཕྱེས་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཞིང་ཞི་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།