ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191202100858.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་12ཚེས་1ཉིན་རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སན་ཡཱ་རུ་ཚོགས་འགོ་ཚུགས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་ཧྲེན་ཧའེ་ཞུང་གིས་ཤིས་ཚིག་ཞུ་སྐབས་བཤད་རྒྱུར། ཧའེ་ནན་གྱི་འཕེལ་རྒྱས་ནི་ཀྲུང་གོའི་ལོ40ཡི་སྒྱུར་བཅོས་སྒོ་དབྱེའི་བདེན་དཔང་པོ་གལ་ཆེན་ཞིག་རེད། དུས་རབས་གསར་པའི་ཀྲུང་གོ་འདི་ཉིད་གློག་བརྙན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ནས་གློག་བརྙན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་སྐྱོད་བཞིན་ཡོད། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་གློག་བརྙན་པ་ཚོས་རྒྱ་མཚོ་ལྟ་བུའི་བློ་རྒྱ་ཆེན་པོས་ཧའེ་ནན་གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ལས་སྟེགས་དེ་ཐུན་མོང་ཐོག་བཏོད་དེ་འཛམ་གླིང་གི་གློག་བརྙན་འཕེལ་རྒྱས་ཀྱི་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ཡང་དག་པའི་ནུས་བ་དེ་བས་མང་པོ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཧའེ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཧྲིན་ཞའོ་མིང་གིས་ཤིས་ཚིག་གསུང་སྐབས་རེབ་འདིར“ལོ་ཧྲིལ་པོར་གློག་བརྙན་སྟོན་པ་དང་། གླིང་ཕྲན་ཧྲིལ་པོར་གློག་བརྙན་སྟོན་པ། དམངས་ཡོངས་ཀྱིས་གློག་བརྙན་ལྟ་བ། ཐོན་ལས་སྦྲེལ་ཐག་ཧྲིལ་པོ་ཅན”བཅས་ཀྱི་འཐབ་ཇུས་ངེས་གནས་དང་འཕེལ་རྒྱས་དམིགས་ཚད་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་རང་བཞིན་དང་། རིག་གཞུང་རང་བཞིན། མང་ཚོགས་རང་བཞིན་བཅས་ལྡན་པ། ནམ་ཡང་མཇུག་འགྲིལ་རྒྱུ་མེད་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གཏོད་རྒྱུར་གཞོལ་རྒྱུ་ཡིན་ཞེས་བཤད་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིར“ཅིན་ཡེ་བྱ་དགའ”འགྲན་བསྡུར་ཚན་པ་ཐོག་མར་བཙུགས་པ་དང་རྒྱལ་ཁབ་དང་ས་ཁུལ80ཡི་གློག་བརྙན་1495འགྲན་བསྡུར་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།