ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་མཚན་རྟགས་གསར་པའི་པར་གཞི་སྤྱོད་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་ཟླ་11ཚེས་25ཉིན་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཀྲུང་གོ་སྲིད་གཞུང་གི་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་མཚན་རྟགས་གསར་པ་དངོས་སུ་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།


  

རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་ཟླ་11ཚེས་25ཉིན་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཀྲུང་གོ་སྲིད་གཞུང་གི་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་མཚན་རྟགས་གསར་པ་དངོས་སུ་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་བསྒྲགས་ནང་རང་རྒྱལ་གྱི་ཕྱི་ཕྱོགས་རོགས་སྐྱོར་གྱི་འདུ་ཤེས་སྔར་ལས་ལྷག་པའི་སྒོ་ནས་མངོན་རྒྱུ་དང་། ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་དྲིལ་བསྒྲགས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཆོག་མཆན་ཐོབ་པ་བརྒྱུད་རང་རྒྱལ་གྱིས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་མཚན་རྟགས་གསར་པ་བཀོལ་རྒྱུ་རེད། མཚོན་རྟགས་ཀྱི་རི་མོ་ནི་“ཀྲུང་གོའི་མདུད་པ”དམར་པོ་དེ་རྒྱ་ཡིག་གི “ཀྲུང་གོའི་རོགས་སྐྱོར”དང་ཕྱི་ཡིག་གི“ཐུན་མོང་གི་མ་འོངས་པའི་ཆེད་དུ”ཞེས་པ་དང་མཉམ་དུ་འཕྲེད་གཞུང་གཉིས་ལྟར་བྲིས་ནས་པར་གཞི་མི་འདྲ་བ་གཉིས་མཁོ་འདོན་བྱས་ཡོད།

 


སྤྱི་བསྒྲགས་ནང་། པར་གཞི་གསར་པའི་ཕྱི་ཕྱོགས་རོགས་སྐྱོར་མཚོན་རྟགས་དང་མཚན་རྟགས་2020ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་དང་དེ་གོང་སྤྱད་པའི་མཚོན་རྟགས་དང་མཚན་རྟགས་མུ་མཐུད་སྤྱོད་ཆོག་ཅེས་འཁོད་ཡོད་པ་རེད། 《ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་མཚོན་རྟགས་བེད་སྤྱོད་དང་དོ་དམ་བྱེད་ཐབས་》ལོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཉིན་དེར་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་ད་དུང་སྤྱི་བསྒྲགས་སྤེལ་ནས་ཉིན་དེ་ནས་བཟུང་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་བསྒྲགས་ནང་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ནི2018ལོའི་ཟླ་4ཚེས་18ཉིན་དངོས་སུ་བཙུགས་པ་ཡིན། རྒྱལ་ནང་གི་རྒྱལ་སྤྱིའི་མཉམ་ལས་ཁྲོད་གཅིག་གྱུར་གྱི་གཟུགས་བརྙན་མཚོན་རྟགས་ཡོད་དགོས་པར་དམིགས་ནས། ཆོག་མཆན་ཐོབ་པ་བརྒྱུད་ཉིན་དེ་ནས་བཟུང་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་མཚོན་རྟགས་བཀོལ་རྒྱུ་ཡིན་པ་དང་། སྡེ་ཚན་གང་དང་མི་སྒེར་སུ་ཞིག་ཡིན་རུང་རང་དགར་བེད་སྤྱོད་བྱས་མི་ཆོག དེ་མིན་ན་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།