ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་11པའི་ཟླ་དཀྱིལ་དུ་ཕག་ཤའི་རིན་གོང་ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་13.5ཆག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་25ཉིན་ཟླ་11པའི་ཟླ་དཀྱིལ་དུ་འཁོར་རྒྱུག་ཁྱབ་ཁོངས་གལ་ཆེན་གྱི་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་རའི་རིན་གོང་ལ་འགྱུར་ལྡོག་འགྲོ་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24ཡི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་རིགས་9ཡི་ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར་གཞིགས་ན། 2019ལོའི་ཟླ་11པའི་ཟླ་དཀྱིལ་དང་ཟླ་11པའི་ཟླ་འགོ་དང་བསྡུར་ན་ཐོན་རྫས་སྣ་ཁ་15ཡི་རིན་གོང་འཕར་བ་དང་སྣ་ཁ31གྱི་རིན་གོང་ཆག་པ་དང་སྣ་ཁ་4ཡི་རིན་གོང་མཉམ་ཡོད་པ་རེད།

དེའི་ཁྲོད། ཕག་ཤའི་(བེ་སན་ཡན)རིན་གོང་ནི་སྤྱི་རྒྱ་རེར་སྒོར་35.6ཡིན་པ་དང་དེ་ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་13.5ཆག་ཡོད། གཤེར་རྣམ་རང་བྱུང་སོལ་རླངས(LNG)་ཀྱི་རིན་གོང་དེ་ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་0.5ཆག་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།