ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་ཤིས་པའེ་སེ་གྲོང་ཁྱེར་དང་་ཅིན་ཤིས་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.2བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ས་ཡོམ་བརྟག་བཤེར་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་11ཚེས་25ཉིན་གྱི་ཆུ་ཚོད་9དང་སྐར་མ་18ཐོག་ཀོང་ཤིས་པའེ་སེ་གྲོང་ཁྱེར་དང་ཅིན་ཤིས་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.2བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་ལ་སྤྱི་ལེ་10ཟིན། ཡོམ་ལྟེ་དེ་བྱང་འཕྲེད་ཏུའུ་22.89དང་ཤར་གཞུང་ཏུའུ་106.65ཏུ་གནས་ཡོད།

ད་ཐེངས་ཀྱི་ཡོམ་ལྟེ་ཉེ་འཁོར་གྱི་སྤྱི་ལེ་5ནང་གི་གྲོང་ཚོ་བཅུ་ལྷག་ཡོད་པ་དང་། སྤྱི་ལེ་20ནང་ཁུལ་གྱི་ཤང་གྲོང་ནི་ཧུའུ་རུན་གྲོང་རྡལ་དང་ཧྭ་ཏུང་གྲོང་རྡལ་གཉིས་ཡོད། ཡོམ་ལྟེ་ནས་ཅིན་ཤིས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་36ཡོད་པ་དང་། ཏེ་པའོ་རྫོང་དང་བར་ཐག་སྤྱི་ལེ་48ཡོད་ལ། ཐེན་ཏིན་རྫོང་དང་བར་ཐག་སྤྱི་ལེ55ཡོད་པ་དང་། ནན་ཉིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་172ཡོད། ཡོམ་ལྟེ་དང་སྤྱི་ལེ་5ཡི་བར་ཐག་གི་ཁྱབ་ཁོངས་ཀྱི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་561ཙམ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།