ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱིས་ཧུར་ཐག་སྒོས་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བའི་དུས་སྐབས་འབྲིང་རིང་གི་འཆར་འགོད་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱིས་ཧུར་ཐག་སྒོས་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བའི་དུས་སྐབས་འབྲིང་རིང་གི་འཆར་འགོད་འགྲེམ་སྤེལ་བྱས། འཆར་འགོད་ལས་ཉེ་བའི་དུས་སྐབས་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་དང་འབྲིང་བའི་དུས་སྐབས་ནས་ཉིས་སྟོང་སོ་ལྔ་ལོའི་བར། རིང་བའི་དུས་སྐབས་ནས་ཉིས་སྟོང་ལྔ་བཅུ་ལོའི་བར་བཅས་ནི་དུས་སྐབས་འདིའི་དུས་དཀྱིལ་བར་དུ་རང་རྒྱལ་གྱིས་ཧུར་ཐག་སྒོས་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བའི་འཐབ་ཇུས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། མཛུབ་སྟོན་རང་བཞིན་གྱི་ཡིག་ཆེན་ཞིག་ཡིན་བསྟན་ཡོད།

འཆར་འགོད་ལས་བསྟན་དོན། མི་གྲངས་ལོ་ལོན་ཅན་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གལ་ཆེན་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་མཚོན་བྱེད་ཡིན་པ་དང་། ཕྱིན་ཆད་ཀྱི་དུས་སྐབས་ཅུང་རིང་བོ་ཞིག་གི་རང་རྒྱལ་གྱི་གཞི་རྩའི་གནས་བབ་ཡིན། མི་གྲངས་ལོ་ལོན་ཅན་གྱིས་དཔལ་འབྱོར་འཁོར་སྐྱོད་ཀྱི་ཁྱབ་ཁོངས་སོ་སོ་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ། སྤྱི་ཚོགས་རིག་གནས་ཀྱི་ཕྱོགས་སོ་སོ། དེ་མིན་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་བཅས་ཀྱི་ཐད་ལ་ཤུགས་ཆེན་ཟབ་མོ་ཐེབས་པ་དང་འགྲན་རྩོད་དང་གོ་སྐབས་མཉམ་ལས་བྱས་ཡོད་ཟེར།

འཆར་འགོད་ལས་བསྟན་དོན། མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་སྐབས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ལྟར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཡུན་རིང་དོ་དམ་ལམ་ལུགས་ཀྱི་སྤྱི་ཁོག་གསར་སྐྲུན་བྱེད་པ་དང་ཕན་འབྲས་ཐོབ་པའི་སྲིད་ཇུས་གལ་ཆེན་གཏན་འཁེལ་བྱེད་དགོས་ལ། ཧུར་ཐག་སྒོས་ཁ་གཏད་འཇལ་ཞིང་མཉམ་སྐྲུན་མཉམ་སྤྱོད། གསར་སྐྲུན་སྒོ་འབྱེད་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བའི་བགྲོད་ལམ་ཞིག་ཏུ་སྐྱོད་དགོས་ཟེར།

འཆར་འགོད་ལས་ད་དུང་ཕྱོགས་ལྔ་ནས་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།