ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་ས་ཁོངས་བརྒལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ནགས་ཚལ་གྲོང་ཁྱེར་འཛུཌ་སྐྲུན་གྱི་མ་ལག་ཅིག་གྲུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས15ཉིན། ཧོ་ནན་ཤིན་དབྱང་དུ་འཚོགས་པའི2019ལོའི་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས། 2004ལོར་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་འགོ་བཙུགས་ཚུན། རྒྱལ་ཡོངས་ཀྱི་གྲོང་ཁྱེར387གྱིས་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་གཏོད་པའི་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན19ཡིས་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་གཏོད་པའི་བྱེད་སྒོ་སྤེལ་བ། ཞིང་ཆེན་11གིས་ནགས་ཚལ་གྲོང་ཚོགས་འཛུགས་སྐྲུན་གྱི་བྱེད་སྒོ་སྤེལ་བས་ས་ཁོངས་བརྒལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་འཛུགས་སྐྲུན་མ་ལག་ཅིག་གྲུབ་ཡོད་ཅེས་བརྗོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།