ཀྲུང་གོ་བོད་ཀྱི་དྲ་བ།

ཧྲན་ཤིས་ཕིང་ཡའོ་རྡོ་སོལ་གཏེར་ཁུང་ཞིག་ཏུ་ཝ་སི་འབར་གས་ཀྱི་ལས་འཛོལ་བྱུང་ནས་མི་18་གཏེར་ཁྲོམ་ནས་བུད་པ་དང་མི་16ད་དུང་ལུས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་18ཉིན་གྱི་དགོང་མོར་གསར་འགོད་པས་ཧྲན་ཤིས་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར་ཕིང་ཡའོ་རྫོང་མི་དམངས་སྲིད་གཞུང་ནས་ར་སྤྲད་ཤེས་རྟོགས་བྱུང་བ་ལྟར་ན། ཚེས་18ཉིན་གྱི་ཕྱི་དྲོར་རྡོ་སོལ་གཏེར་ཁུང་དུ་སོལ་རླངས་འབར་གས་ཀྱི་ལས་འཛོལ་བྱུང་ནས་མི་18བདེ་འཇགས་ངང་གཏེར་ཁྲོམ་ནས་ཐོན་ཀྱང་ད་དུང་མི་16ལུས་ཡོད་པ་རེད།

2acff115b7e14081808294e8622c36fc.jpg

ཚེས་18ཉིན་གྱི་ཆུ་ཚོད་13དང་སྐར་མ་50ཡི་ཐོག་ཅིན་ཀྲུང་གྲོང་ཁྱེར་ཕིང་ཡའོ་རྫོང་ཧྥུང་ཡན་སོལ་སྲེག་ཚོགས་པའི་ཨར་མུའུ་ལུང་པའི་རྡོ་སོལ་ལས་རིགས་ཚད་ཡོད་ཀུང་སིའི་9102ལས་སྒྲུབ་ས་ཚིགས་སུ་ཝ་སི་འབར་གས་ཀྱི་ལས་འཛོལ་བྱུང་ཡོད། ལས་འཛོལ་བྱུང་རྗེས་ཅིན་ཀྲུང་གྲོང་ཁྱེར་དང་ཕིང་ཡའོ་རྫོང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་འཕྲལ་མར་དུས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད།

མིག་སྔར་ཐོག་མའི་ཞིབ་དཔྱད་བྱས་པ་བརྒྱུད་མི་18གཏེར་ཁྲོམ་ནས་ཐོན་པ་དང་མི་5སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། མི་16ད་དུང་གཏེར་ཁྲོམ་དུ་ལུས་ཡོད། ལས་འཛོལ་གྱི་ཆ་འཕྲིན་ཞིབ་དཔྱད་དང་ཉེན་སེལ་རོགས་སྐྱོབ་ལས་དོན་ད་ལྟ་སྒྲུབ་བཞིན་པའི་སྒང་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།