ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨེ་ཅིབ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125228513_15736468859341n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་གྲོས་ཁང་གི་གྲོས་དཔོན་ཨ་ལིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་ནས་ཚེས་བཅུ་གསུམ་ཉིན་བར་ཨེ་ཅིབ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཙུང་ལི་མ་ཏི་པུའུ་ལིས་གཉིས་ལ་མཇལ་འཕྲད་གནང་བར་མ་ཟད་ཨ་ལིས་དང་གྲོས་མོལ་མཛད།

སེ་ཞི་ལ་མཇལ་འཕྲད་གནང་སྐབས་ཝང་དབྱང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་སྣེ་ཁྲིད་བྱས་འོག ཀྲུང་གོ་དང་ཨེ་ཅིབ་འབྲེལ་བ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་དུ་འབྲེལ་འདྲིས་དང་འགོ་འོང་བྱེད་པར་ཤུགས་སྣོན་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་སྤྱི་ཁོག་ནང་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་མཉམ་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། ཨེ་ཅིབ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཨ་ལིས་ལ་མཇལ་འཕྲད་གནང་སྐབས་ཝང་དབྱང་གིས་གསུངས་རྒྱུར། ཆབ་སྲིད་ཡིད་ཆེས་ནི་ཀྲུང་གོ་དང་ཨེ་ཅིབ་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་ཡིན་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱེད་པའི་གཙོ་ཐིག་ཏུ་གྱུར་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨེ་ཅིབ་གྲོས་ཁང་དང་མཉམ་དུ་རིམ་པ་སོ་སོའི་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་བཏང་ནས་ཕན་ཚུན་གྱི་འགན་འཁྲི་ལག་བསྟར་ནུས་པ་ཇེ་ཆེར་གཏོང་འདོད་ཡོད་ཟེར།

མ་ཏི་པུའུ་ལིས་ལ་མཇལ་འཕྲད་གནང་སྐབས་ཝང་དབྱང་གིས་གསུངས་རྒྱུར། ཨེ་ཅིབ་ནི་བཟོ་ལས་ཅན་དང་མཁར་གྲོང་ཅན་གྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་པ་དང་ཚོང་རའི་སྦས་ཤུགས་ཧ་ཅང་ཆེ་ལ། ཀྲུང་གོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རང་བྱུང་མཉམ་ལས་གྲོགས་པོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁའི་ཕྱོགས་གསུམ་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འཚོལ་ཞིབ་བྱེད་པར་མ་ཟད་ཨེ་ཅིབ་ཕྱོགས་ཀྱི་སྤུས་ལེགས་ཞིང་ཐོན་དངོས་རྫས་ཀྲུང་གོའི་ཚོང་རར་ནང་འདྲེན་བྱེད་པར་ཆ་རྐྱེན་སྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།