ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་ཡུལ་སྐོར་པུའུ་ཡིས་ད་ལོར་རྒྱལ་ཡོངས་ནསAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ405ཡི་ཐོབ་ཐང་མེད་པར་བཟོས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞུང་ཕྱོགས་འཕྲིན་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དག་ཐེར་བྱ་འགུལ་ཁྲོད་རྒྱལ་ཡོངས་ནསAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ5000ལྷག་ཙམ་ལ་བསྐྱར་བཤེར་བྱས་པ་དང་མཛེས་ལྗོངས་ཁུལ1186ལ་ཆད་པ་བཅད་པའི་ནང་མཛེས་ལྗོངས་ཁུལ405ཡི་ཐོབ་ཐང་མེད་པར་བཟོས་པ།

ཟླ11ཚེས6ཉིན་རིག་གནས་དང་ཡུལ་སྐོར་པུའུ་ཡིས་པེ་ཅིང་དུ་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་དང་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས“བརྟག་དཔྱད་རྣམ་པའི”ལྐོག་འདྲི་དཔྱད་དཔོག་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་མུ་མཐུད་དུ་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ལ་བཀོད་སྒྲིག་བྱས་པ་རེད།

ཚོགས་ཐོག་ཏུ། ད་ལོ་ནས་བཟུང་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་བྱ་འགུལ་དངAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལེགས་སྒྲིག་བྱ་འགུལ་ཁག་ལ་བཀོད་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་། ཇུས་འགོད་ཞིབ་ཚགས། སྐུལ་འདེད་ཏན་ཏིག་བཅས་བྱས་པས་དགེ་མཚན་ལྡན་པའི་ཕན་འབྲས་རྒྱ་ཆེན་ཐོན་ཡོད། ཁྲོམ་ར་བཅོས་སྐྱོང་བྱ་འགུལ་སྤེལ་བའི་རིང་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཁྲིམས་འཛིན་མི་སྣ་མི་ཐེངས་ཁྲི་20ལྷག་ཞུགས་ཡོད་པ་དང་། གཉེར་སྐྱོང་ལས་ཁུངས་ཁྲི52ལྷག་ལ་ཞིབ་བཤེར་བྱས་པ་དང་། གྱོད་དོན8300ལྷག་ལ་ཐོ་འགོད་བརྟག་དཔྱད་བྱས་པ་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་མ་དངུལ་སྒོར་ཁྲི4100ལྷག་ཟིན་པ། ལས་ཁུངས715ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་བཅུག་པ། འཁྲོལ་འཛིན113ཕྱིར་འཐེན་བཅས་བྱས། མཛེས་ལྗོངས་ཁུལ་ལེགས་སྒྲིག་དང་རྒྱུ་སྤུས་མཐོར་འདེགས་ཀྱི་དག་ཐེར་བྱ་འགུལ་ཁྲོད་རྒྱལ་ཡོངས་ནསAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ5000ལྷག་ཙམ་ལ་བསྐྱར་བཤེར་བྱས་ཤིང་མཛེས་ལྗོངས་ཁུལ1186ལ་ཐག་གཅོད་བྱས་པ་རེད། དེའི་ནང་ལས་ཁུངས405ཡི་ཐོབ་ཐང་མེད་པ་བཟོས་པ་རེད།

ཚོགས་འདུའི་ཐོག་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལྐོག་འདྲིའི་དཔྱད་དཔོག་ལས་དོན་ཏན་ཏིག་ངང་སྤེལ་དགོས་པ་དང་། ཁྲིམས་ལྟར་གྱོད་གཞི་ཞིབ་གཅོད་དང་གྱོད་གཞི་ཡོད་ན་ངེས་པར་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་བཅོས་སྐྱོང་གི་དམ་བསྒྲགས་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་དང་། དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་རྨང་གཞིར་བཟུང་ནས་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་པ། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་འགུལ་རྣམ་དོ་དམ་བྱ་རྒྱུ། གོ་རོམ་ཧྲིལ་བོར་དོ་དམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཛུལ་སྒོ་ལ་དམ་ཟུང་བྱེད་པར་རྒྱུན་འཁྱོངས་བྱ་རྒྱུ། མུ་མཐུད་དུ་ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་ལེགས་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲངས་ཚད་སྔར་ལས་ཆེ་མང་དུ་བཏང་ནས་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔར་ལས་ལྷག་པར་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་སྤྲོ་གསེང་ཁུལ་གོང་སྤེལ་དུ་གཏོང་བའི་ཐད་ལ་སྲིད་ཇུས་ཀྱི་འགན་སྲུང་ཐོབ་པར་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་བསྟན་དོན། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།