ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས་བདེ་ཐང་ཀྲུང་གོའི་འཐབ་ཇུས་སྤེལ་བའི་ཐད་ནས་གྲོས་མོལ་སྲིད་གླེང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་དགུ་པ་ཚེས་བརྒྱད་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བདེ་ཐང་ནི་མི་དམངས་ཀྱི་དོན་ཆེན་དང་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་ལ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པ་དེས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་རྒྱས་བཤད་གལ་ཆེན་དོན་འཁྱོལ་ཟབ་མོ་བྱས་ཏེ། སྲིད་གཞུང་གི་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་། རིགས་དགར་མཛུབ་སྟོན། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་གགཉེར་བ། ཡུན་རིང་འབད་བརྩོན་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཉིས་ཀྱིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་དང་། སྒྲིག་སྲོལ་རྐྱེན་སྲོལ། དྲིལ་སྒྲོག་སློབ་གསོ། ཚན་རྩལ་རྒྱབ་རྟེན་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་དང་བཞི་བཅུས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་འགུལ་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་བསམ་འཆར་ལྷུག་པོར་བཏོན། ཚང་མས་ཏང་ཀྲུང་དབྱང་གིས་ནམ་ཡིན་རུང་མི་དམངས་ཀྱི་བདེ་ཐང་ལ་ཧ་ཅང་མཐོང་ཆེན་གནང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་ལ། རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་གནས་ཚུལ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། དེ་དང་མཉམ་དུ་བདེ་ཐང་ཁྱབ་ཁོངས་སུ་ཡང་གནས་ཚུལ་གསར་པ་དང་འགལ་བ་གསར་པ་ཁ་ཤས་བྱུང་ཡོད་པས་ཧ་ཅང་མཐོང་ཆེན་བྱེད་དགོས་ཞེས་བསྟན།

ཨུ་ཡོན་ཁ་ཤས་ཀྱིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པའི་གནད་འགག་ནི་ནད་བཅོས་དཀྱིལ་སྙིང་དུ་འཛིན་པ་དེ་སྔོན་འགོག་དཀྱིལ་སྙིང་དུ་འཛིན་པར་བསྒྱུར་ཏེ། དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཨང་དང་པོར་བརྩི་དགོས་པ། དམངས་ཡོངས་ཀྱི་བདེ་ཐང་ཞིབ་བཤེར་སྤེལ་ནས་དམིགས་བསལ་གྱི་ནད་་ཡམས་འགོག་བཅོས་ལ་མཐོང་ཆེན་བྱེད་དགོས་པ། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཉམ་འགུལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སྨན་བཅོས་ཞབས་ཞུའི་དྲ་རྒྱ་དང་སྨན་རིན་རྩིས་སྤྲོད་བྱེད་ཐབས། སྨན་རྫས་ཞིབ་མཆན་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏང་དགོས་པ། གཅིག་གྱུར་ཡིན་ཞིང་ཕན་འབྲས་མཐོ་བའི་འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་དོ་དམ་སྒྲིག་སྲོལ་འཛུགས་དགོས་པ། བདེ་ཐང་ཀྲུང་གོའི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱས་ཏེ། བདེ་ཐང་གི་ཚད་གཞིའི་མུ་ལག་འཐུང་ཚང་དུ་གཏོང་དགོས་པ་སོགས་ཀྱི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཡིས་བརྗོད་གཞིའི་གཏམ་བཤད་གནང་། རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། སློབ་གསོ་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་པས་ཡུལ་དངོས་ནས་ཕན་ཚུན་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།