ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རྒུད་སྐྱོབ་དཔུང་སྡེ་ལ་དར་ཆ་བསྩལ་བ་དང་བསླབ་བྱ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125205298_15731337965181n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རྒུད་སྐྱོབ་དཔུང་སྡེ་ལ་དར་ཆ་བསྩལ་བ་དང་བསླབ་བྱ་གནང་ནས་ལོ་འཁོར་གཅིག་ལོན་པའི་སྐབས་སུ། འཕྲལ་སྒྲུབ་དོ་དམ་པུའུ་ཡིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་བསྩལ་བ་དང་བསླབ་བྱ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། འཕྲལ་སྒྲུབ་རྒུད་སྐྱོབ་ནུས་པའི་འཛུགས་སྐྲུན་དང་འཕྲལ་སྒྲུབ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་སྤྱི་བསྡོམས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་། ཧན་ཀྲིན་གྱིས་ལོ་གཅིག་གི་རིང་ལ་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རྒུད་སྐྱོབ་དཔུང་སྡེ་འཛུགས་སྐྲུན་དང་འཕྲལ་སྒྲུབ་དོ་དམ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་བསྩལ་བ་དང་བསླབ་བྱ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། དཀའ་སྤྱད་འབད་བརྩོན་དང་གསར་སྐྲུན་བརྩོན་ལེན་བྱས་ནས་འཕྲལ་སྒྲུབ་དོ་དམ་ལས་དོན་ཐད་ལ་རྣམ་པ་གསར་བ་སྔར་ལས་གསར་སྐྲུན་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།