ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པའི་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་ལྟ་རྒྱུའི”སྐོར་གྱི་བརྡ་ཐོ》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གིས《བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པའི་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་ལྟ་རྒྱུའི”སྐོར་གྱི་བརྡ་ཐོ》བཀྲམ་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གཏིང་ཟབ་བྱུང་མིན་དང་། སེམས་ལ་ཟུག་མིན། ཏན་ཏིག་བྱུང་མིན་བཅས་ཀྱི་གནས་ཚུལ་དང་། དག་ཐེར་ཇུས་གཞི་དོན་འཁྱོལ་བྱས་ཚུལ། ཆེད་དོན་བཅོས་སྒྲིག་བྱས་ཚུལ། གོང་འོག་མཉམ་འགུལ་གྱི་དག་ཐེར་གནས་ཚུལ་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཕྱིར་མིག་བལྟས་ཏེ་རང་བཤེར་ནན་ཏན་དང་། དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་གཅོད་པ། མུ་མཐུད་དག་ཐེར་གཏིང་ཟབ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གཏིང་ཟབ་བྱུང་མིན་དང་། སེམས་ལ་ཟུག་མིན། ཏན་ཏིག་བྱུང་མིན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཕྱིར་མིག་ལྟ་དགོས། གཙོ་གནད་དེ་རང་རྟོགས་ངང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཀྱི་བྱེད་ཐབས་དང་ཉམས་མྱོང་ཡག་པོ་སྤྱོད་མིན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་མིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་སོགས་གསུང་བཤད་གལ་ཆེན་གསར་ཤོས་རྗེས་སྙེག་སློབ་སྦྱོང་བྱས་མིན། ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་མིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཡར་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་མིན། ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བླང་བྱ་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་ཐུབ་མིན་བཅས་ལ་ལྟ་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་དག་ཐེར་ཇུས་གཞི་དོན་འཁྱོལ་བྱས་ཚུན་ལ་ཕྱིར་མིག་ལྟ་དགོས། གཙོ་གནད་ནི་དག་ཐེར་ཇུས་གཞིའི་ནང་ཁ་གསལ་བཏོན་པའི་དག་ཐེར་གྱི་ལས་འགན་དང་དུས་བཅད་ཀྱི་བླང་བྱ་གཞིར་བཟུང་། རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་དང་དག་ཐེར་གནད་ལ་འཁྱོལ་མིན་དང་། ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་ནས་དག་ཐེར་ལ་སྣེ་ཁྲིད་དང་རང་ངོ་མས་དམ་འཛིན་བྱས་མིན། ཚན་ཁག་གི་ཁོངས་མིས་རང་ངོས་ཀྱི་གནད་དོན་དག་ཐེར་ཏན་ཏིག་དང་འབྲེལ་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཚན་པའི་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་མིན། སྒོ་ཕྱེ་ནས་དག་ཐེར་བྱེད་པའི་བླང་བྱ་དོན་འཁྱོལ་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་མིན། དག་ཐེར་གནས་ཚུལ་ཁྱབ་ཁོངས་འོས་འཚམ་ནང་ཁྱབ་བསྒྲགས་བྱས་ནས་རང་རྟོགས་ངང་ཏང་ཡོན་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་མིན་བཅས་ལ་ལྟ་དགོས་ཞེས་བསྟན་ཡོད།

བརྡ་ཐོའི་ནང་ཆེད་དོན་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ལ་ཕྱིར་མིག་ལྟ་དགོས། གཙོ་གནད་ནི་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་ཆེད་དོན་དག་ཐེར་ཁག་རྣམ་གྲངས་ཅན་གྱི་བྱེད་སྟངས་སྤྱད་ནས་སྐུལ་འདེད་བཏང་མིན་དང་། ཆེད་དོན་དག་ཐེར་མི་རེ་ངོ་རེའི་འགོ་འཛུགས་ས་བཙལ་ནས་དོན་འཁྱོལ་ཞིབ་ཚགས་དང་གནད་སྨིན་ཇུས་བསྟར་བྱས་ཏེ་དོན་རེ་རེ་བྱས་ནས་དག་ཐེར་བྱས་མིན། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་བླང་བྱ་དོན་འཁྱོལ་བྱས་མིན་དང་། གནད་དོན་ཐག་གཅོད་བྱུང་མིན། ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མིན་བཅས་ལ་ལྟ་དགོས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་བྱུང་མིན། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་མིན་དང་མང་ཚོགས་བློ་ཡིད་ཚིམ་མིན་བཅས་ལ་ལྟ་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་གོང་འོག་མཉམ་སྒུལ་གྱི་དག་ཐེར་གནས་ཚུལ་ལ་ཕྱིར་མིག་ལྟ་དགོས། གཙོ་གནད་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཉམ་སྒུལ་དག་ཐེར་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱས་མིན་དང་། མཉམ་སྒུལ་དག་ཐེར་རྣམ་གྲངས་ཀྱི་གསལ་ཐོ་བཟོས་པ་དང་སྦྲགས་ལག་བསྟར་སྒྲིག་འཛུགས་བྱས་མིན། ལས་རིགས་ཁྱབ་ཁོངས་ཀྱིས་གཞི་རིམ་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་དམིགས་ནས་གོང་འོག་མཉམ་སྒུལ་དག་ཐེར་གྱི་གཙོ་གནད་རྣམ་གྲངས་གཏན་འཁེལ་དང་སྦྲགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་མིན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པས་འཚོལ་བཤེར་བྱས་པའི“གཞི་རིམ་དུ་ཕྱི་ཚུལ་ཙམ་བྱེད་པའི་རྩ་བ་དེ་གོང་རིམ་ལ་ཐུག་པའི”གནད་དོན་རང་འགུལ་ངང་རྩིས་ལེན་དང་མཉམ་དུ་ཐག་གཅོད་བྱས་མིན་བཅས་ལ་ལྟ་དགོས་ཞེས་བསྟན་ཡོད།

བརྡ་ཐོའི་ནང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་དང་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ“ཕྱིར་མིག་ལྟ་བའི”ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་དགོས་པ། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་དང་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། གཤམ་འོག་ཏང་རྩ་འཛུགས་ཀྱི་དག་ཐེར་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་དཔྱད་བྱས་ནས་འགག་སྒོ་ནན་པོ་སྲུང་དགོས་པ། “ཕྱིར་མིག་ལྟ་བའི”ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། གཞུང་ལས་ཁང་དུ་བསྡད་དེ“རྩིས་ཁྲ་བལྟས་ནས་རང་བཤེར”དང “དཔྱད་གཞིའི་ཡིག་ཆ་བལྟས་ནས་རང་བཤེར”བྱེད་མི་རུང་ལ། གཤམ་འོག་ཁོ་ནར་དམ་འཛིན་བྱེད་པ་ལས་རིམ་པ་འདི་གར་དམ་འཛིན་མི་བྱེད་པ་བྱེད་མི་རུང་བ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།