ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་འབྲི་ཆུའི་ཟམ་ཆེན115བསྐྲུན་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11ཚེས1ཉིན་ནས་ཚེས3ཉིན་བར2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཟམ་པའི་ཐོན་ལས་དངོས་མང་སྟོན་ཚོགས་ཝུའུ་ཧན་དུ་གཉེར་བ་དང་། གསར་འགོད་པར་སྟོན་ཚོགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་དབྱི་པིན་གཤམ་ངོས་ཀྱི་འབྲི་ཆུའི་ཆུ་གཞུང་ཨ་མའི་སྟེང་གཙང་པོ་བརྒལ་བའི་ཟམ་ཆེན་སྣ་ཚོགས115བསྐྲུན་པ་རེད། ཟམ་དབྱིབས་ལྟར་དབྱེ་ན་ཁྱོན་གདུང་དབྱིབས་ཀྱི་ཟམ་པ27དང་། འཕྲེད་དབྱིབས་ཀྱི་ཟམ་པ57 དཔྱང་ཟམ22 གཞུ་དབྱིབས་ཟམ་པ9བཅས་ཡོད་པ་དང་། ནུས་པ་ལྟར་དབྱེ་ན་གཞུང་ལམ་དང་ལྕགས་ལམ་གོ་ཉིས་ཆོད་ཀྱི་ཟམ་པ9དང་། ལྕགས་ལམ་ཟམ་པ9 གཞུང་ལམ་དང་ལྕགས་ལམ་གོ་ཉིས་ཆོད་ཀྱི་ཟམ་པ4 རྐང་ཐང་ཟམ་པ2 ལྕགས་མདོང་ཟམ་པ1བཅས་ཡོད་པ་དང་དེ་བྱིངས་ཚང་མ་གཞུང་ལམ་ཟམ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་རིང་ཀྲུང་གོའི་ཟམ་པ་དེ་ཀྲུང་གོ་འཛམ་གླིང་དུ་བསྐྱོད་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། མིག་སྔར། འཛམ་གླིང་གི་ཨང་རིམ་དང་པོ་ནས་བཅུ་པ་བར་གྱི་རྒྱ་མཚོ་བརྒལ་བའི་ཟམ་པ་དང་། དཔྱང་ཟམ། འཕྲེད་དབྱིབས་ཟམ་པ། གཞུ་དབྱིབས་ཟམ་པ། གདུང་དབྱིབས་ཟམ་པ་བཅས་ཁྲོད་ཀྲུང་གོའི་ཟམ་པ་དྲུག་དང་། དྲུག བདུན། བདུན། ལྔ་བཅས་སོ་སོར་བཟུང་ཡོད། སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ཟམ་པའི་ཐོན་ལས་དངོས་མང་སྟོན་ཚོགས་ལ་ལོ་ངོ70རིང་གི་རང་རྒྱལ་གྱི་ཟམ་པ་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་འགྲེམས་སྟོན་བྱས་ནས་ཟམ་པའི་ཐོན་ལས་ཀྱི་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།