ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125187426_15727832166551n.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེ་གོའི་མན་ཀུའུ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས། འདི་ནི་ཚོགས་འདུར་ཞུགས་པའི་མགོ་ཁྲིད་པ་དག་གི་མཉམ་པར་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེ་གོའི་མན་ཀུའུ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་གོའི་ཙུང་ལི་པ་ཡུས་དང་ཧྥི་ལི་པིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི། ཝུན་ལའེ་ཡི་སུའུ་ཏན་ཧ་སང་ན་ཨར། ཧིན་རྡུ་ཉི་ཞི་ཡའི་ཙུང་ལི་མཱ་ཧ་ཏེ་ཨར། ཡའོ་ནན་གྱི་ཙུང་ལིང་རོན་ཁྲུན་ཧྥུའུ། འབར་མའི་རྒྱལ་སྲིད་ཙི་ཀྲིན་ཨང་ཧྲན་སུའུ་ཅི། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་། ལའོ་ཝའོ་ཡི་ཙུང་ལི་ཐུང་ལུན། ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་བཅས་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་པ་ཡུས་དང་མཉམ་དུ་ཚོགས་འདུར་མགོ་འཛིན་མཛད།

ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་་འབྲེལ་བར་གྲོས་མོལ་གྱི་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་དང་རང་ས་ཁུལ་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོས་དུས་ནམ་ཡང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཁྲོད་ཟིན་པའི་གོ་གནས་གཙོ་བོར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྔར་ལས་དམ་པོ་འཛུགས་དགོས་ཞེས་བཏོན་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དུས་ནམ་ཡང་ཕན་ཚུན་ལ་བརྩི་བཀུར་བྱས་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། གྲོས་མོལ་གྲོས་སྡུར་བརྒྱུད་དེ་འགལ་བ་ལུགས་མཐུན་སྒོས་ཐག་བཅད་ནས། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ང་ཚོ་བློ་བརྟན་འགྱུར་མེད་སྒོས་ཐུན་མོང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། འབྱོར་ཚོང་མཉམ་ལས་དེ་ཆུ་ཚད་སྔར་ལས་མཐོན་པོས་བསྟུད་མར་མཐོར་འདེགས་འབྱུང་བར་ཡར་སྐུལ་བྱས་ཡོད། ང་ཚོས་རིག་གནས་བརྗེ་རེས་ལ་བསྟུད་མར་སྐུལ་འདེད་བཏང་བ་དང་། དམངས་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། དམངས་སེམས་མཉམ་འབྲེལ་ལ་ཡར་སྐུལ་བྱས་ཡོད་པ་དང་། ན་ནིང་མི་སྣའི་འགྲོ་འོང་མི་ཐེངས་བྱེ་བ་ལྔ་ས་ཡ་བདུན་ལས་བརྒལ་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དེས་རྒྱལ་ཁབ་སོ་སོར་གསར་དུ་འགྲན་དྲག་པོ་བསླངས་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་ཉེན་ཁ་བཀག་ནས། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀུན་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། འབྱོར་ཚོང་མཉམ་ལས་ཀྱི་རིམ་པ་མྱུར་དུ་སྤོར་དགོས། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་དོན་གྱི་གྲོལ་མོལ་སྔ་མོ་ནས་ལེགས་འགྲུབ་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་གཞི་གཅིག་ཅན་ལ་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་སྤྱི་དང་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་བྱེད་འདོད་ཡོད་ཟེར།

ཚོགས་འདུར་ཞུགས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲོགས་པོའི་འབྲེལ་བའི་ཁྲོད་ཆེས་གསོན་ཤུགས་ལྡན་པའི་འབྲེལ་བ་ཞིག་རེད་ཅེས་བསྟན་པར་མ་ཟད། འདས་པའི་ལོ་གཅིག་གི་རིང་ལ་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་བླངས་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ས་ཁོངས་མཉམ་ལས་ཁྲོད་དུ་གོ་གནས་གཙོ་བོ་ཟིན་པར་བཀའ་དྲིན་ཞུས།

གྲོས་ཚོགས་སྟེང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཉམ་འབྲེལ་བསྒྲགས་གཏམ་དོན་འཁྱོལ་བྱེད་པའི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་འགུལ་སྐྱོད་འཆར་གཞི་བཟོས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་དང་། རིག་སྟོབས་གྲོང་ཁྱེར། སྨྱན་བྱེད་ཀྱི་བརྗེ་རེས་མཉམ་ལས་བཅས་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བར་མ་ཟད། ཉིས་སྟོང་ཉི་ཤུ་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞི་གྲགས་དཔལ་འབྱོར་མཉམ་ལས་ཀྱི་ལོ་ཡིན་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།