ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཞི་ཧ་མོ་ཉི་ཁྲི་ལ་བཞུགས་ནས་ལོ་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཞི་ཧ་མོ་ཉི་ལ་གློག་འཕྲིན་བཏང་སྟེ་རྒྱལ་བོ་ཞི་ཧ་མོ་ཉི་ཁྲི་ལ་བཞུགས་ནས་ལོ་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། རྒྱལ་བོ་ཞི་ཧ་མོ་ཉི་ཁྲི་ལ་བཞུགས་པའི་ཚུན་ལ། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པས་ཁམ་ཕུ་ཁྲེ་མི་དམངས་ཀྱི་གུས་བཀུར་ཐོབ།

ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱས་པས་ཕན་ཚུན་བར་མཛའ་བཤེས་ཟབ་མོ་ཆགས་ཡོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་བདག་གིས་རྒྱལ་བོ་ཞི་ཧ་མོ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་བྱེད་པ་དང་འཐབ་ཇུས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།