ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིན་དང་ཏུང་ཅིན་གླེང་སྟེགས་སྐབས་བཅོ་ལྔ་བ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020191026640804212805.jpg

རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་གཏམ་བཤད་གནང་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས26ཉིན། པེ་ཅིན་དང་ཏུང་ཅིན་གླེང་སྟེགས་སྐབས་བཅོ་ལྔ་བ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞུའུ་ལིན། འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་བཅས་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོ་ནི་པེ་ཅིན་དང་ཏུང་ཅིན་གླེང་སྟེགས་བཙུགས་ནས་ལོ་བཅོ་ལྔ་ལོན་པའི་ལོ་ཡིན། ལོ་བཅོ་ལྔའི་རིང་ལ། གླེང་སྟེགས་སྟེང་དུ་ཀྲུང་གོ་དང་འཇར་པན་གྱི་ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་ལྷན་འཛོམས་བྱས་ཏེ་བསམ་བློ་བརྗེ་རེས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་འགྲོ་བར་དམིགས་བསལ་གྱི་ནུས་པ་གལ་ཆེན་བཏོན། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་དེ་དུས་རབས་གསར་བའི་རེ་བ་དང་མཐུན་པ་དང་དེ་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། སྐབས་འདིའི་གླེང་སྟེགས་ཀྱིས་དུས་རབས་གསར་བའི་རེ་བ་དང་མཐུན་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་བྱས་རྗེས་འཇོག་པ་དང་བློ་གྲོས་འདོན་པའི་ཐད་ལ་གྲོས་གཞི་གང་མང་འདོན་པ་དང་ནུས་པ་ཆེན་པོ་འདོན་དགོས་ཟེར།

ཞུའུ་ལིན་གྱིས་བཤད་རྒྱུར། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་གཞུང་འབྲེལ་ཐག་དམ་པོར་སྦྲེལ་དགོས་ལ། ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་མཉམ་ལས་བར་སྟོང་རྒྱ་བསྐྱེད་པ་དང་བློ་གྲོས་དང་སྟོབས་ཤུགས་གང་ཡོད་བཏོན་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རིན་ཐང་ལྡན་པའི་གྲོས་གཞི་འདོན་སྤྲོད་བྱེད་དགོས་པར་མ་ཟད། སང་ལོར་ཀྲུང་གོ་དང་འཇར་པན་གྱི་འགོ་ཁྲིད་པས་འབྲེལ་འདྲིས་དང་འགྲོ་འོང་བྱེད་པའི་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྣང་ཚུལ་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།