ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོར་རྒྱུས་ལོན་བྱེད་པའི་ཀོང་ཀྲིག་རྒྱལ་སྤྱིའི་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོར་རྒྱུས་ལོན་བྱེད་པའི་ཀོང་ཀྲིག་རྒྱལ་སྤྱིའི་གྲོས་ཚོགས་ཀོང་ཀྲིག་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། དཔལ་འབྱོར་འཛམ་གླིང་ཅན་དེ་བར་ཆད་དང་དཀའ་ཁག་ཁ་ཤས་དང་འཕྲད་ཡོད་ནའང་། དཔལ་འབྱོར་འཛམ་གླིང་ཅན་གྱི་རླབས་རྒྱུན་ལ་ཕྱིར་ལྡོག་མེད།  རྒྱལ་ཁབ་སོ་སོའི་ཁེ་ཕན་ཉིན་རེར་མཉམ་བསྲེས་བྱེད་པ་དང་ལས་སྐལ་ཕྱོགས་ནས་སྔར་ལས་བདེ་སྡུག་མཉམ་མྱོང་བྱེད་པ་ནི་གནས་བབ་ཆེན་པོའི་འཕེལ་ཕྱོགས་ཡིན་ལ། སྔར་ལས་མཛེས་པའི་འཚོ་བ་མུ་མཐུད་དུ་གསར་སྐྲུན་བྱེད་པ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་རེ་སྒུག་ཡིན། ཀྲུང་གོ་ནི་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁེ་ཕན་ཐོབ་མཁན་ཡིན་པར་མ་ཟད་བྱས་རྗེས་འཇོག་མཁན་ཡང་ཡིན་པས། བློ་བརྟན་འགྱུར་མེད་སྒོས་ཞི་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་འཛམ་གླིང་ཅན་གྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་དེ་ད་ལྟའི་བར་སྐབས་གསུམ་བསྒྲུབས་པ་དང་། ད་ལོར་འཛམ་གླིང་ཡོངས་ཀྱི་མིང་གྲངས་ཆབ་སྲིད་པ་དང་འཐབ་ཇུས་པ། ཤེས་ཡོན་ཅན། ཁེ་ལས་པ་སོགས་མི་དྲུག་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།