ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཐེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོ་གཙོ་བོར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྲན་ཞི་ཐེ་ཡོན་ནས་ཉིས་སྟོང་བཅུ་དགུ་ལོའི་ཐེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོ་གཙོ་བོར་ཐུག་འཕྲད་བྱས།

ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་ཁབ་སོ་སོས་ནུས་ཁུངས་བདེ་འཇགས་དང་དག་གཙང་ནུས་ཁུངས། ནུས་ཁུངས་རྨང་གཞིའི་སྒྲིག་ཆས་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྟོབས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས། ཀྲུང་གོ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ནུས་ཁུངས་བདེ་འཇགས་དང་དག་གཙང་ཐན་ཉུང་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཕྱོགས་སོ་སོ་དང་ལྷན་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ལྗང་མདོག་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཅེ་ཁིའི་སྔོན་ཆད་ཀྱི་ཙུང་ལི་སོ་པོ་ཐི་ཁ་ཡིས་ཚོགས་ཞུགས་སྐུ་མགྲོན་གྱི་ཚབ་བྱས་ཏེ་གཏམ་བཤད། ཁོས་བཤད་རྒྱུར། ཀྲུང་གོས་འཛམ་གླིང་གི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ནུས་པ་བཏོན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་ཐོབ་ཡོད། ཐེངས་འདིའི་གླེང་སྟེགས་བརྒྱུད་དེ་ཐན་ཉུང་འཕེལ་རྒྱས་ཀྱི་ཉམས་མྱོང་ལོངས་སུ་སྤྱོད་དེ་འཛམ་གླིང་ནུས་ཁུངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དག་གཙང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།